107007

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨོལ་གོང་འཛུམ་ (1)
Part of speech མིང་ཚིག
Definition སྲོལ་གོང་སེར་བོ་དང་དོན་གཅིག་པ་སྟེ། ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག རྩ་བ་དཀར་པོ་ཕྲ་ལ་རིང་བར་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ་དང༌། སྡོང་པོ་ཁོང་སྟོང་རྟིང་པ་ཕྲ་བ་རིམ་བཞིན་སྦོམ་དུ་སོང་བར་འོ་མ་ཡོད་པ་དེ་མང་ཆེ་བ་ས་འོག་ཏུ་ཡོད་པ། ལོ་མ་སྔོ་སྐྱ་ཕྲ་ལ་ཐུང་བ་ཉག་ག་ཅན་སྤུ་དཀར་འཇམ་པོས་ཁྱབ་པ། མེ་ཏོག་སེར་པོའི་འདབ་མ་ཕྲ་ཞིང་མང་བ་སྤྱིའི་དབྱིབས་ཕྲུགས་ཤད་ཁ་གྱེན་དུ་བསྟན་པ་འདྲ་ཞིང་སྨིན་ཚེ་བྱ་སྒྲོ་རླུང་གིས་འཁྱེར་བ་ལྟར་གང་སར་འཐོར་འགྲོ་བ་དེ་ཡིན་ཏེ། བོད་ཀྱི་རི་མཐོའི་སྤང་སྟེང་དུ་སྐྱེ་བ། བོད་ཟླ་དྲུག་པའི་ནང་རྩ་སྡོང་མེ་ཏོག་ལྷན་ཅིག་ཏུ་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྩུབ་པས་བྱང་ཁོག་དང་ཡན་ལག་གི་རྣག་ཁྲག་སྐེམ་པ་དང༌། མགོ་ཆག་གསོ་ཞིང་དུག་ཚད་སེལ་བ། དེ་མིན་ཁྲག་རླུང་སྟོད་འཚངས་དང༌། རོ་སྟོད་ཀྱི་གཟེར་སོགས་ལ་ཕན་པ་ཡིན།

{{#arraymap:ཨོལ་གོང་འཛུམ་

|; |@@@ | | }}