10739

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྱི་ལྗང་དབུ་དཀར་བ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་སྟོད་དུ་མདོ་སྨད་གཞག་ར་ལྷ་རྩེའི་ཡུལ་དུ་འཁྲུངས། བོད་ཡུལ་ནས་སློབ་གཉེར་མཛད། ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས། པཎ་གྲུབ་མང་པོའི་ཞབས་ལ་གཏུགས། རྒྱ་གཞུང་དང་ལེགས་སྦྱར་བཅས་ལ་བྱང་ཆུབ་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་དང་། བྱིན་གྱིས་བརླབས་པ་ནག་པོ་ཆེན་པོའི་སྒྲུབ་ཐབས། དཔལ་ནག་པོ་ཆེན་པོའི་དབང་བསྐུར་བའི་ཆོ་ག་བཅས་བཞུགས།