10741

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྱི་ལིང་བརྟུལ་ཞུགས་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ཐབས་འཛུད་བསྲེ་བའི་སྤྱོད་པའི་ཁོངས་གཏོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཉེར་གསུམ་གྱི་ནང་གསེས་ཤིག་སྟེ། གདུལ་བྱའི་དོན་དུ་རྣམ་པ་ཕྱི་རོལ་པའི་གྱི་ལིང་བརྟུལ་ཞུགས་དང་རྗེས་མཐུན་དུ་སྤྱད་ནས་དོན་ལ་གསང་བ་མཆོག་གི་ལམ་ལ་དྲང་བའི་ཐབས་མཁས་ཀྱི་སྤྱོད་ཚུལ་ཞིག སྒྱུ་འཕྲུལ་རྔམ་གློག་ལས། ལུས་ཀྱི་རྩལ་གྱི་བྱ་བ་དག ། གྱི་ལིང་བརྟུལ་ཞུགས་ཆེན་པོས་བྱ། །ཞེས་དང༌གཟི་ལྡན་འཆར་ཁའི་འོད་སྣང་ལས། གྱི་ལིང་ནི་ལུས་ཀྱི་རྩལ་ཕུན་སུམ་ཚོགས་པ་དང་ལྡན་པས་བདག་པོའང་གནས་མིན་ལས་སྲུང་བར་བྱེད་པ་ལྟར་ལུས་ཀྱི་རྩལ་གྱི་བྱ་བའང་གསང་དོན་བསྲུང་ཞིང་གདམས་པ་མི་གཡེལ་བར་རྩལ་ཤུགས་ཆེ་བའི་བརྟུལ་ཞུགས་ཏེ། ཞེས་གསུངས།
Domain ཆོས་ལུགས།