10754
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོད་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་རྒྱ་ནག་ཐང་རྒྱལ་རབས་ནས་ཀོང་ཇོའམ་སྲས་མོ་གཉིས་བཙུན་མོར་བསུས་པའི་རྒྱ་བཟའ་ཀོང་ཇོ་རྗེས་མའི་མིང་། བོད་རྒྱལ་ཁྲི་ལྡེ་གཙུག་བརྟན་གྱི་བཙུན་མོ། འདི་བོད་ལྕགས་ཁྱི་ཕྱི་ལོ་ ༧༡༠ ལོར་ཀྲུང་ཙུང་སྐུ་དངོས་ཀྱིས་མཁར་ཆེན་པོ་ཞིང་ཕེང་ཧྱེན་གྱི་བར་དུ་སྐྱེལ་ཐུང་རྒྱ་ཆེར་མཛད་དེ། མཁར་དེའི་མིང་ཡང་བརྗེས་ཏེ་གྱིམ་ཤིང་ཧྱེན་ཞེས་བཏགས། ཀོང་ཇོ་འདི་བོད་དུ་ཕེབས་སྐབས་དར་དང་གོས་ཆེན་ཡུག་དུ་མ་བསྣམས་ཕེབས་པ་མ་ཟད། རྩེད་མོ་མཁན་དང༌། བཟོ་བོ་སྣ་ཚོགས་པ། རོལ་མོ་དཀྲོལ་མཁན་སོགས་ཁྲིད་ནས་ཕེབས། བོད་ཀྱི་ལོ་རྒྱུས་ཆོས་འབྱུང་དང་དམངས་ཁྲོད་ཀྱི་གཏམ་རྒྱུད་ནང༌། བོད་ཀྱི་ཚེ་ཞེས་གཤིན་དགེའི་སྲོལ་བཙུགས་མཐར་བོད་ས་ཡོས་ཕྱི་ལོ་ ༧༣༩ ལོར་བཙུན་མོ་གྱིམ་ཤིང་ཀོང་ཇོ་སྐུ་གཤེགས་ཞེས་ཏུན་ཧོང་གི་ཡི་གེར་གསལ། |