From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གྱིས་ (1)
| Part of speech
|
ཕྲད་ཚིག
|
| Definition
|
བྱེད་པའམ་བྱེད་པ་པོ་སྟོན་བྱེད་ཀྱི་ཕྲད་ཅིག་སྟེ། མིང་མཐའ་སྦྱོར་ཚུལ་ནི་སྔ་མའི་རྗེས་འཇུག་ན་མ་ར་ལའི་རྗེས་སུ་གྱིས་སྦྱོར་དགོས།
|
| Keyword
|
True
|
| Example
|
བློ་བསམ་གྱིས་ཡི་གེ་བྲིས། བསམ་གཏན་གྱིས་སྐད་ཆ་བཤད། ཚེ་རྡོར་གྱིས་རྟ་ཞོན་ལྟ་བུ།
|
གྱིས་ (2)
| Part of speech
|
ཕྲད་ཚིག
|
| Definition
|
བྱེད་པ་པོ་དངོས་མིན་ཡང་ས་ཆུ་མེ་རླུང་སོགས་རང་བྱུང་ཁམས་ཀྱི་དངོས་པོ་དག་གིས་བྱ་བ་གང་ཞིག་བྱེད་པ་སྟོན་བྱེད་ཀྱི་ཕྲད་ཅིག་སྟེ། མིང་མཐའ་སྦྱོར་ཚུལ་ནི་སྔ་མའི་རྗེས་འཇུག་ན་མ་ར་ལའི་རྗེས་སུ་གྱིས་སྦྱོར་དགོས།
|
| Keyword
|
True
|
| Example
|
ན་བུན་གྱིས་གཡོགས། མགོ་ཡོམ་གྱིས་འགྱེལ་ལྟ་བུ།
|
གྱིས་ (3)
| Part of speech
|
ཕྲད་ཚིག
|
| Definition
|
བྱ་བའི་ཁྱད་པར་གསལ་བྱེད་དམ་བསྣན་ཚིག་གི་རྐྱེན་ཏེ། མིང་མཐའ་སྦྱོར་ཚུལ་ནི་སྔ་མའི་རྗེས་འཇུག་ན་མ་ར་ལའི་རྗེས་སུ་གྱིས་སྦྱོར་དགོས།
|
| Keyword
|
True
|
| Example
|
སྐད་ཆ་ནན་གྱིས་བཤད། འཛུམ་གྱིས་བསུས་ལྟ་བུ།
|
གྱིས་ (4)
| Part of speech
|
ཕྲད་ཚིག
|
| Definition
|
ཚད་སྟོན་བྱེད་ཀྱི་ཕྲད་སྟེ། མིང་མཐའ་སྦྱོར་ཚུལ་ནི་སྔ་མའི་རྗེས་འཇུག་ན་མ་ར་ལའི་རྗེས་སུ་གྱིས་སྦྱོར་དགོས།
|
| Keyword
|
True
|
| Example
|
སོར་གསུམ་གྱིས་ཐུང་། སྐར་བདུན་གྱིས་མ་འདང་ལྟ་བུ།
|
གྱིས་ (1)
| Part of speech
|
བྱ་ཚིག
|
| Definition
|
བགྱིད་ཀྱི་སྐུལ་ཚིག
|
| Keyword
|
True
|
| Transitive
|
བྱ་བྱེད་ཐ་དད་པ།
|
| Future
|
[བགྱི།]
|
| Present
|
[བགྱིད།]
|
| Past
|
[བགྱིས།]
|
| Imperative
|
[གྱིས།]
|