10787
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མི་གྲངས་འཕེལ་ཁ་བརྟག་ཐབས་རྒྱ་མ་ཕ་ཀླུང་རྩིས་ལ་ཡོད་པའི་དར་གུད་བསྐོར་ལུགས་གསུམ་གྱི་ནང་གསེས་ཤིག་སྟེ། ཕ་དང་མེས་པོ་དག་གི་རང་ལོའི་སྲོག་སོགས་བཞིའི་དར་གུད་ཀྱི་དབུགས་སྤྱི་ལྟར་བླངས་ནས་གཡས་སུ་བསྐོར་ཏེ་མངའ་གནས་གང་དུ་བབས་ན། ལོ་དེའི་སྟེང་ནས་སླར་ཡང་དབུགས་བླངས་ཏེ་གྱེན་དུ་གཡོན་བསྐོར་གྱིས་བུ་ཚའི་རང་ལོའི་སྟེང་དུ་གཏུགས་པའི་དར་གུད་བསྐོར་ལུགས་ལ་ཟེར་བ་ཡིན། དེ་ལྟར་བསྐོར་བའི་དར་གུད་གང་ཞིག་ཁྲུས་བྱེད་ལ་བབས་ན་རྒྱ་མ་ཚོམས་དང་། བཙས་པ་ལ་བབས་ན་རྒྱ་མ་ལྟེམས། དར་བ་ལ་བབས་ན་རྒྱ་སྡོད། ལས་བྱེད་ལ་བབས་ན་རྒྱ་མ་ཁ་རལ་བཅས་ཡིན། རྒྱ་མ་ཕ་ཀླུང་འདི་གཙོ་ཆེར་སྲོག་གི་ཁམས་དང་སྦྱོར་བས། གལ་སྲིད་ཕ་མེས་སྲོག་ཁམས་ལྕགས་ཡིན་པ་བྱ་སྤྲེལ་ལོ་པ་ཡིན་པར་ཆ་བཞག་ན། བུ་ཚ་ཕག་ལོ་སྐྱེས་ན་རྒྱ་མ་ཚོམས་དང་། བྱི་ལོ་སྐྱེས་ན་རྒྱ་མ་ལྟེམས། སྤྲེལ་ལོ་སྐྱེས་ན་རྒྱ་མ་སྡོད། བྱ་ལོ་སྐྱེས་ན་རྒྱ་མ་ཁ་རལ་བཅས་ཡིན་པ་ལྟ་བུ་ཡིན། |
| Domain | རྩིས་རིག |