10881
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདི་ནི་ཟློས་གར་འཁྲབ་མཁན་གྱིས་ལུས་ཀྱི་རྣམ་འགྱུར་དང་ངག་གི་སྨྲ་བརྗོད་གཉིས་ལ་བརྟེན་ནས་འཁྲབ་བྱའི་མི་སྣ་རིགས་མི་འདྲ་བ་སོ་སོའི་བསམ་བློའི་ཉམས་འགྱུར་དངོས་སུ་མཚོན་པར་བྱེད་པ་ལ་ཟེར་ཞིང་དེ་ལ་རྣམ་པ་མི་འདྲ་བ་དགུ་ཡོད་དེ། སྒེག་པ། དཔའ་བ། མི་སྡུག་པ། རྒོད་པ། དྲག་ཤུལ། འཇིགས་རུང༌། སྙིང་རྗེ། རྔམ་པ། ཞི་བ་བཅས་ཡིན་ཞིང༌། དེ་དག་ལས་སྒེག་པ་དང་། དཔའ་བ། མི་སྡུག་པ་ནི་ལུས་ཀྱི་ཉམས་གསུམ། དྲག་ཤུལ་དང། བཞད་གད། འཇིགས་རུང་གསུམ་ནི་ངག་གི་ཉམས་གསུམ། སྙིང་རྗེ་དང་། རྔམ་པ། ཞི་བ་ནི་ཡིད་ཀྱི་ཉམས་གསུམ་དུའང་བཤད། ཉམས་དགུ་པོ་དེས་བསམ་བློ་མཚོན་ཐུབ་དང་མི་ཐུབ་ནི་འཁྲབ་སྟོན་བྱེད་མཁན་གྱི་སྒྱུ་རྩལ་ཆུ་ཚད་མཐོ་དམན་ལ་རག་ལས་པ་ཡིན་པས་འཁྲབ་སྟོན་མཁན་གྱི་སྒྱུ་རྩལ་ཆུ་ཚད་ཇི་ཙམ་མཐོ་ན་ལྟད་མོ་བའི་སེམས་ལ་དེ་དང་མཚུངས་པའི་ཉམས་འགྱུར་ཐོན་པར་བྱེད་ཐུབ་པ་ཡིན། |
| Domain | རྩོམ་རིག |