10882
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྒེག་དང་དཔའ་དང་འཇིགས་སུ་རུང་། །རྒོད་དང་དྲག་པོ་འཇིགས་བྱེད་དང་། །སྙིང་རྗེ་ངོ་མཚར་ཞི་བ་ནི། །གར་གྱི་ཉམས་དགུ་ཡིན་པར་བཤད། །དེ་ལ་སྒེག་པའི་སྤྱོད་པ་ནི། དམ་ཚིག་གི་ཕྱག་རྒྱ་དགུ་པོ་རྣམས་དང་ལྷན་གཅིག་དུ་དབུས་ཀྱི་གཙོ་བོར་གྱུར་པ་དེ་ལུས་དང་ངག་དང་ཡིད་ཀྱིས་བརྡ་བསྟན་པའི་སྒོ་ནས། འཁྱུད་པ་དང་། འོ་བྱེད་པ་དང་། འཇིབས་པ་དང་། སོ་འདེབས་པ་དང་། སེེན་མོ་འདེབས་པ་ལ་སོགས་པ་ལྷན་ཅིག་ཏུ་བདེ་བ་ཆེན་པོ་ལ་ཉེ་བར་ལོངས་སྤྱོད་པའི་མཚན་ཉིད་དོ། །དཔའ་བའི་སྤྱོད་པ། མཚན་མོ་རོ་ལངས་བསྒྲུབ་པ་དང་། འབྱུང་པོ་དབང་དུ་བྱ་བ་ལ་སེམས་ཞུམ་པ་མེད་ཅིང་དཔའ་བའི་སྤྱོད་དང་ལྡན་པ་འོ། །འཇིགས་སུ་རུང་བའི་སྤྱོད་པ། གྷོ་ཀུ་ད་ཧ་ན་ཟ་བའི་མཚན་ཉིད་དེ། བཙོགས་པའི་སེམས་དང་། འཇིགས་པ་སྐྱེ་བའི་སེམས་མེད་པ་ཡིན་ནོ། །དགོད་པའི་སྤྱོད་པ། ལངས་བསྒྲུབས་དུས་སུ་གད་རྒྱང་དང་ལྟ་སྟངས་ལ་སོགས་པ་སྤྱོད་པ་སྣ་ཚོགས་པ་དང་ལྡན་པ་འོ། །དྲག་པོའི་སྤྱོད་པ། རྡོ་རྗེ་ཧཱུཾ་གི་སྤྱོད་པ་ནི་སེམས་ཅན་མི་སྤོངས་ཞིང་ཐབས་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་པའོ། །ངོ་མཚར་གྱི་སྤྱོད་པ། ཞི་རྒྱས་ལ་སོགས་པའི་སྒོ་ནས་སྐུ་སྣ་ཚོགས་སྤྲུལ་ནས་ཇི་སྲིད་འཁོར་བ་མ་སྟོང་བར་དུ་འཕྲིན་ལས་སྣ་ཚོགས་བྱེད་པའོ། །ཞི་བའི་སྤྱོད་པ། ལྷན་ཅིག་སྐྱེས་པའི་དགའ་བ་རྒྱུན་མི་འཆད་པར་དེ་ཡི་ངང་ལ་གནས་པའོ། ། |