10907

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གར་པོ་ (1)
Part of speech རྒྱན་ཚིག
Definition གཤེར་ཁུའི་རིགས་སླ་པོ་མ་ཡིན་པ་སྟེ།
Example ཇ་གར་པོ། ཆང་གར་པོ། ཐུག་པ་གར་པོ་ལྟ་བུ།
Antonyms སླ་པོ།
གར་པོ་ (2)
Part of speech རྒྱན་ཚིག
Definition གྱོང་པོའམ་མཁྲེགས་པོ་སྟེ།
Example དགྲ་བོས་གླགས་མི་རྙེད་པའི་མི་གར་པོ་ཞིག་ལྟ་བུ།
གར་པོ་ (3)
Part of speech རྒྱན་ཚིག
Definition གཞི་རྒྱ་ཆེན་པོ་སྟེ།
Example རྩོད་རྙོག་གར་པོ་ལྟ་བུ།
གར་པོ་ (1)
Part of speech མིང་ཚིག
Definition ཞག་ལོན་ནས་གར་པོར་འགྱུར་ཞིང་སྤུ་རྩེ་ཅན་གྱི་ཟ་ཁུ་ཟགས་པའི་གཅིན་སྙིའི་ནད་རྟགས་ཀྱི་དབྱེ་བ་ཞིག
Domain གསོ་རིག