10935
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོད་ཀྱི་ལོ་རྒྱུས་ཡིག་ཚང་རྣམས་སུ་འབྱུང་བའི་གར་ལོག་ཅེས་པ་ངོས་འཛིན་ཐད། རྒྱ་གར་ནུབ་བྱང་གི་ས་ཆར་གནས་པའི་ཏུར་ཀེ་ཁ་ཆེའི་རྒྱལ་ཁབ་དང་། ཡང་བལ་པོའི་ཡུལ་གྱི་བྱེ་བྲག་པ་ཞིག་ལ་འདོད་མཁན་ཡང་ཡོད་མོད། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར་དང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་གཉིས་སུ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་དགུང་ལོ་དོན་ལྔར་ཕེབས་པ། རབ་བྱུང་གསུམ་པའི་ལྕགས་བྱ་ཕྱི་ལོ་ ༡༢༠༡ ལོར་གར་ལོག་གམ་ཏུར་ཀིའི་རྒྱལ་པོ་ཧ་བུ་དན་གྱི་དམག་དཔུང་རྒྱ་གར་དུ་སླེབས་ཏེ་རྒྱ་གར་མ་གྷ་ངྷའི་མངའ་ཁོངས་ཡོངས་རྫོགས་དབང་བསྒྱུར་བྱས་ཤིང་། ནང་པའི་གདན་ས་ཆེན་པོ་བི་ཀྲ་མ་ཤི་ལ་དང་ཨོ་ཏནྟ་པུ་རི་སོགས་བཅོམ་ཚུལ་འཁོད་ཡོད། |