10985

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲ་ལག་དགོན་ (1)
Part of speech མིང་ཚིག
Definition གྲ་ལག་བཤད་སྒྲུབ་མདོ་སྔགས་གླིང་ནི། དཀར་མཛེས་ཀྱི་ཡུལ་གྲ་ཟླ་གཉིས་སུ་ཕྱེ་བའི་གྲ་ཡི་རུ་ལག་ཏུ་ཆགས་པས་ན་གྲ་ལག་དགོན་ཟེར། སྔོན་བོན་དགོན་ཞིག་ཡིན་པའི་བཤད་ཚུལ་ཡོད་ཀྱང་ད་ལྟ་གསང་སྔགས་རྙིང་མ་བའི་འདུས་སྡེ་ཞིག་རེད། རབ་བྱུང་དྲུག་པར་ཀུན་དགའ་འབུམ་གྱིས་བོན་དེ་གསང་སྔགས་རྙིང་མ་བར་བསྒྱུར། ཕྱིས་སུ་ ༡༧༧༧ ལོ་ལ་དགེ་རྩེ་དཔོན་པོ་བློ་བཟང་ཚུལ་ཁྲིམས་དང་དགེ་རྩེ་པཎ་ཆེན་གཉིས་ཀྱིས་དགོན་པ་དེ་ད་ལྟའི་གནས་འདིར་སྤོར་ཏེ། གནམ་ཆོས་མི་འགྱུར་རྡོ་རྗེའི་སྐྱེ་མཐའ་རྨོག་གྲུབ་ནམ་མཁའ་ཆོས་དབང་གདན་དྲངས་ནས་གྲ་ལག་ཏུ་ས་འདུལ་མཛད། བདུད་ཀློང་གི་དབང་ལུང་གནང་ཞིང་དགོན་པ་བཞེངས། རིག་འཛིན་ཆོས་འཕེལ་བཟང་པོས་དགོན་བདག་མཛད། འདས་ཤུལ་བླ་མ་བསོད་ནམས་ཆོས་ལྡན་གྱིས་བསྐྱངས། མཁན་ཆེན་ངག་དགའ་རིན་པོ་ཆེས་བཤད་གྲྭ་གསར་དུ་བཙུགས། མཁན་རབས་རིམ་བྱོན་ནི། ཀཿཐོག་མཁན་ཆེན་ངག་གི་དབང་པོ་དང་། གོས་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། མཚོ་ཤུལ་འཇམ་དཔལ། དྲི་མེད་འོད་ཟེར། ཨོ་བསྟན། པུ་ཅ། ཆོས་ཉིད། ཕུར་ཚེ། བློ་རྒྱམ། བསྟན་འཛིན་བཟང་པོ། བསྟན་འཛིན། ར་པེས། ཐུབ་བསྟན་བསྟན་འཛིན་འོད་ཟེར་བཅས་བཅུ་གསུམ་ཡོད། དུས་འགྱུར་གོང་ཕྱག་ཚ་བླ་བྲང་། ཐོག་རྒོལ་བླ་བྲང། ར་བཟའ་བླ་བྲང་། གོས་སྤྲུལ་བླ་བྲང་། འདས་ཤུལ་བླ་བྲང་། འབར་ཆུང་བླ་བྲང་བཅས་བླ་བྲང་བརྒྱད་ཡོད། གཞན་ཡང་བླ་མ་ཡོན་ཏན་མཐོ་བའི་བཅུ་གཉིས་བགྲང་སྲོལ་ཡོད། དགོན་འདིའི་ལྷ་སྡེ་ནི་དགེ་རྩེ་ཟླ་ཐང་མའི་ཚོ་བ་བཅུ་གསུམ་ཡོད། དུས་འགྱུར་མ་བྱུང་གོང་ཚོགས་ཆེན་འདུ་ཁང་གི་གཙོའི་འདུ་ཁང་བཞི་ཡོད། དེ་དག་ནང་དུ་རྟེན་ཀཿཐོག་བླ་མ་རིག་འཛིན་ཀློང་གསལ་སྙིང་པོའི་ཕྱག་དྲིལ་རྒྱ་འོ་མའི་དུང་མཚོ་དང་རྐེད་ཕུར་གནམ་ལྕགས་དཀར་པོ་སོགས་ཡོད་དེ། དགོན་པའི་ཆོས་སྐྱོང་རྒྱུད་མགོན་ལེགས་ལྡན་དང་། དཔལ་ལྡན་ལྷ་མོ། ཨེ་ཀ་ཙ་ཏྲི་བཅས་སོ། །དགོན་པ་འདི་ལ་བཤད་གྲྭ་དང་སྒྲུབ་གྲྭ་གཉིས་ཀ་ཡོད།