11012

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲགས་པ་བསྟན་དར་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༦༡ ཤར་ཆོས་མཚུངས་མེད་གྲགས་པ་བསྟན་དར་ནི། རྒྱལ་རོང་རྩེ་ཁུལ་དུ་སྐུ་འཁྲུངས། དགུང་གྲངས་བརྒྱད་སོན་པ་ན་དབུས་སུ་བྱོན་ཏེ་སེར་སྨད་གྲྭ་ཚང་དུ་གཞུང་ཆེན་བཀའ་པོ་ལྔ་ལ་གསན་བསམ་མཐར་ཕྱིན་པར་མཛད་དེ་ལྷ་རམས་གྲྭ་སྐོར་མཛད། དེ་རྗེས་རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་མཚན་ཞབས་གནང་། དེ་ནས་རྒྱུད་སྟོད་བླ་མ་དབུ་མཛད་དང་། མཁན་ཁྲིར་བཅས་རིམ་ཕེབས་རྗེས་ཤར་རྩེ་ཆོས་རྗེར་ཕེབས་ནས་བསྟན་འགྲོའི་དོན་བླ་ན་མེད་པར་མཛད།