11015
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཞི་པའི་ལྕགས་བྱི་ཕྱི་ལོ་ ༡༢༤༠ ལོར་ཁྲོ་བོ་འབན་གྱི་སྲས་སུ་འཁྲུངས། གཞོན་དུས་ནས་ཆོས་རྗེ་སྤྱན་སྔ་གྲགས་པ་འབྱུང་གནས་དང་མཇལ། བཀའ་བརྒྱུད་ཀྱི་གདམས་ངག་མང་དུ་ཞུས། ཟླ་དགོན་དུ་ཕེབས། ཡིག་རྩིས་སོགས་ལ་སྦྱངས། ཟླ་དགོན་ནི་གྲགས་པ་བསོད་ནམས་ཀྱིས་རྡོ་ཆུའི་རྒྱུད་ཤོད་དུ་གསར་འདེབས་མཛད། ཕག་མོ་གྲུར་བྱོན་ནས་རབ་ཏུ་བྱུང་། ཆོས་ཁྲིད་རྣམས་རྫོགས་པར་གསན། ས་སྐྱར་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྤྱན་སྔར་བྱོན། ཞོགས་རེར་མདོ་སྡུད་པ་ཚར་རེ་ཙམ་མཁྱེན་པས་ཤེས་རབ་ཆེ་བར་གྲགས། རིན་ཆེན་རྡོ་རྗེ་ལས་ཟབ་ཆོས་གསན། ཞེ་གཉིས་པ་རབ་བྱུང་ལྔ་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༢༨༡ ལོར་ཕག་གྲུའི་གདན་སར་ཕེབས། སྤྱན་སྔའི་གོ་སའི་འགན་ཁུར་བཞེས། ལོ་དེར་ཧོར་དམག་བོད་དུ་སླེབས། བྱ་རོག་རྫོང་བཅོམ། དཔོན་ཆེན་ཀུན་དགའ་བཟང་པོ་སྲོག་ཐོག་བཏང་། གདན་ས་ལོ་ངོ་བརྒྱད་ཀྱི་རིང་བཟུང་། འཆད་ཉན་ལེགས་པར་སྤེལ། ཞེ་དགུ་པ་རབ་བྱུང་ལྔ་པའི་ས་བྱི་ཕྱི་ལོ་ ༡༢༨༨ ལོར་སྐུ་གཤེགས། ཕག་གྲུའི་གདན་རབས་དྲུག་པ་ཡིན། མཚན་གཞན། ཕག་གྲུ་གྲགས་པ་ཡེ་ཤེས། |