11016

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲགས་པ་ཡོངས་ཁྱབ་ (1)
Part of speech མིང་ཚིག
Definition ཁོང་ནི་སྟག་ལུང་པའི་གདན་རབས་ཉེར་དགུ་པ་ཡིན་མོད་ད་བར་རྣམ་ཐར་ཁ་གསལ་ཞིག་མ་རྙེད་མོད། ཚུལ་ཁྲིམས་ལ་གཅེས་སྤྲས་ཆེ་ཞིང་། ཐོས་བསམ་སྒོམ་གསུམ་ལ་བརྩོན་པ་ལྷུར་ལེན་མཛད་པར་གྲགས། གདན་སའི་ཁྲི་ལ་འཁོད་ཀྱང་ཐེག་མཆོག་འཇིགས་མེད་དཔའ་བོ་དང་ཐུགས་སྣང་མི་གཤིན་པ་བྱུང་བས་ཁྲི་ལས་བཟུར་ཏེ་དབེན་གནས་སེ་བ་ལུང་དུ་ཕེབས། དེ་རྗེས་མདོ་ཁམས་རི་བོ་ཆེར་ཕེབས་ནས་བསྟན་འགྲོའི་དོན་མཛད་མུས་གློ་བུར་དུ་སྐུ་གཤེགས།