11017

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲགས་པ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༡༦ པ་དང་དགའ་ཁྲི་ ༣༣ པ་གྲགས་པ་རྒྱ་མཚོ་ནི། ཕྱི་ལོ་ ༡༥༥༥ ཤིང་མོ་ཡོས་ཀྱི་ལོར་གྱེ་རེ་སྟོད་དུ་སྐུ་འཁྲུངས། དགོན་གསར་དུ་རབ་ཏུ་བྱུང་བར་མཛད་དེ་མདོ་སྔགས་ལ་སྦྱངས་པར་མཛད། དགུང་ལོ་ ༧༠ པ་ཕྱི་ལོ་ ༡༦༢༣ ཆུ་མོ་ཕག་གི་ལོར་དགའ་ཁྲིར་ཕེབས་ནས་ཆོས་བསྐོར་རྒྱ་ཆེར་མཛད། དགུང་གྲངས་ ༧༣ ཕེབས་པ། ཕྱི་ལོ་ ༡༦༢༧ མེ་མོ་ཡོས་ཀྱི་ལོར་གཟུགས་སྐུ་ཆོས་དབྱིངས་སུ་ཞི་བར་གཤེགས།