11022
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟག་ལུང་མར་ཐང་རི་བོ་ཆེའི་ཁྲི་རབས་ལྔ་པ། མེ་འབྲུག་སྤྱི་ལོ་ ༡༣༧༦ ལོར་ཡབ་གྭ་ཟི་རིན་ཆེན་རྡོ་རྗེ་དང་ཡུམ་སངས་རྒྱས་འབུམ་གཉིས་ཀྱི་སྲས་སུ་ཁོ་ཚ་རིན་ཆེན་སྒང་དུ་སྐུ་འཁྲུངས། དགུང་ལོ་དགུ་ཡི་ཐོག་ཆོས་རྗེ་རྒྱལ་བའི་མཚན་ཅན་དང་། སློབ་དཔོན་ཡོན་ཏན་འོད་ཟེར་སོགས་ཀྱི་དྲུང་ནས་གསན་བསམ་མཐར་ཕྱིན་མཛད། ཡེ་ཕུག་ནམ་མཁའ་དཔལ་ལས་རབ་བསྙེན་བསྒྲུབས་པ་དང་། བཅོ་ལྔ་མཆོད་པ་ཆེ་ཆུང་བཙུགས། མི་ཉག་སྒོ་ལྡོང་གི་འཁྲུགས་པ་འདུམ་པར་མཛད། ས་ཁྱི་སྤྱི་ལོ་ ༡༤༡༨ ལོར་རི་ཆེའི་ཁྲི་ལ་འཁོད་རཏྣ་ཀ་རའི་གདུང་གི་ནང་བཞུགས་བྱས་པའི་སྐུ་འབུམ་ནུབ་མ་རྒྱ་ལུགས་གྱོ་མོའོ་ཐོག་ཁེབས་ཅན་གསེར་ཕྲུ་དང་བཅས་པའི་གཙོས་རྟེན་གསུམ་ལྷ་ཁང་དང་། གསུང་རབ་དུ་མ་གསར་དུ་བསྐྲུན། སྐབས་འདིར་གླིང་དང་རི་སུལ་གྱི་སྤྱིལ་པོར་མི་ཤོང་པའི་དགེ་འདུན་བྱུང་། དགྱེས་མཛད་སངས་རྒྱས་དབོན་གྱིས་མདུན་རི་སྤུ་མེད་ལ་ནགས་སྐྱེས་བའི་དུས་ང་སླར་ཡང་འོང་གསུངས་པ་ལྟར། མདུན་གྱི་ཤེལ་རི་ལ་ཤིང་སྐྱེ་བའི་སྐབས་སུ་བྱོན་པས་སངས་རྒྱས་དབོན་གྱི་སྤྲུལ་པར་ངོས་འཛིན། བཙན་དན་དཀར་པོ་ལས་གྲུབ་པའི་དགྱེས་རྡོར་ལྷ་དགུའི་དཀྱིལ་འཁོར་ངོ་མཚར་ཅན་ཞིག་ཀྱང་བཞེངས། ཁྱུང་པོ་དང་རི་ཆེ་མ་འཆམ་པར་བརྟེན་རི་ཆེའི་ནང་སོས་དམག་གཤོམ་རྩིས་ཀྱང་མ་གནང་བར་ཉེ་གནས་བཏང་སྟེ། ཞལ་ཏ་གནང་སྦྱིན་གྱིས་སྒོ་ནས་བཟློག་པར་མཛད་པ་སོགས་དམ་པའི་རྣམ་པར་ཐར་པ་ཚུལ་བཞིན་བསྐྱངས། མཐར་སྤྱི་ལོ་ ༡༤༢༡ ལོར་སྐུ་གཤེགས། |