11030
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཇིག་རྟེན་ལ་གྲགས་པའི་བསྒྲུབ་བྱ་ཞིག་སྒྲུབ་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས་གང་ཞིག རང་གི་བསྒྲུབ་བྱ་དེ་གྲགས་པའི་རྗེས་དཔག་ཚད་མའི་གཞལ་བྱར་སོང་བ་ཞིག་ལ་གྲགས་རྟགས་ཡང་དག་ཞེས་བྱ་སྟེ། དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པས་མཛད་པའི་རྟགས་རིགས་མཐའ་དཔྱོད་ལས། བཞི་བ་རྟགས་ཡང་དག་ལ་བསྒྲུབ་བྱའི་སྒོ་ནས་དབྱེ་ན། དངོས་སྟོབས་ཀྱི་རྟགས་ཡང་དག གྲགས་པའི་རྟགས་ཡང་དག ཡིད་ཆེས་ཀྱི་རྟགས་ཡང་དག་དང་གསུམ་ལས། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་བསྒྲུབ་བྱ་དངོས་སྟོབས་རྗེས་དཔག་ཚད་མར་སོང་བའི་གཞལ་བྱ་ཡིན་པ་དེ། དང་པོའི་མཚན་ཉིད། དེ་གང་ཞིག དེ་སྒྲུབ་ཀྱི་བསྒྲུབ་བྱ་གྲགས་པའི་རྗེས་དཔག་ཚད་མར་སོང་བའི་གཞལ་བྱ་ཡིན་པ་དེ་གཉིས་པའི་མཚན་ཉིད། ཅེས་དང་། གཉིས་པ་ལ་གཉིས་ལས། མཚན་གཞི་ནི། རྟོག་ཡུལ་ན་ཡོད་པ་དེ། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དུ་སྒྲུབ་པའི་གྲགས་པའི་རང་བཞིན་གྱི་རྟགས་ཡང་དག་དང། རྟོག་ཡུལ་ན་ཡོད་པ་དེ། རི་བོང་ཅན་དངོས་དབང་གིས་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་མ་ཡིན་པར་སྒྲུབ་པའི་གྲགས་པའི་མ་དམིགས་པའི་རྟགས་ཡང་དག་ཡིན། ཞེས་གསུངས་པའི་ཕྱིར། |
| Domain | ཚད་མ། |