11034

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲགས་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition གྲགས་པའི་རྟགས་ཡང་དག་སྟེ། རྟགས་ཡང་དག་ལ་བསྒྲུབ་བྱའི་སྒོ་ནས་གསུམ་དབྱེ་བའི་ཡ་གྱལ་ཞིག་སྟེ། མཚན་ཉིད། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། གྲགས་པའི་རྟགས་ཡང་དག་གི་མཚན་ཉིད། (ཚུལ་གསུམ་ཚང་བའི་གཏན་ཚིགས་)གང་ཞིག །དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡིན་ན་སྒྲ་བྱུང་གྲགས་པ་ཡིན་པ། དཔེར་ན་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དུ་སྒྲུབ་པ་ལ་རྟོག་ཡུལ་ན་ཡོད་པ་རྟགས་སུ་བཀོད་པ་ལྟ་བུ། ཞེས་གསུངས།
Domain ཚད་མ།