11068

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲང་བའི་དམྱལ་བ་ (1)
Part of speech མིང་ཚིག
Definition མདོ། མངོན་པ་མཛོད་ནས་བཤད་པའི་འཛམ་གླིང་འདིའི་ས་འོག་ནས་དཔག་ཚད་ལྔ་བརྒྱ་སོང་མཚམས་སུ་འཕྲེད་ཉལ་དུ་གནས་པའམ་ཚ་དམྱལ་བ་ཆེན་པོ་རྣམས་ཀྱི་ཐད་ཀ་ན་ཡོད་པའི་དམྱལ་བ་སྟེ། དེར་གནས་པའི་སེམས་ཅན་གྲང་བ་མི་བཟད་པས་ཉེན་པས་དེ་དག་གི་ལུས་དང་སྒྲ་འགྱུར་བ་དང་མཐུན་པས་གྲང་བའི་དམྱལ་བའོ། །དབྱེ་ན། ཆུ་བུར་རྡོལ་བ་དང་། སོ་ཐམ་ཐམ་པ་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ལྟར་ཆེར་གས་པ་སྟེ་གྲང་དམྱལ་བརྒྱད་དོ། །
Domain ཆོས་ལུགས།