11134
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མོས་པས་སྤྱོད་པའི་ས་ནས་ས་དང་པོའི་བར་དུ་གཅིག ས་དང་པོ་ནས་བརྒྱད་པའི་བར་དུ་གཅིག ས་བརྒྱད་པ་ནས་ས་བཅུ་པའི་བར་དུ་གཅིག་གོ །དེ་ཡང་བསྐལ་པའི་དང་པོ་ནི་ཚེ་དཔག་ཏུ་མེད་པ་ནས་བྲི་ནས་བརྒྱད་ཁྲིར་གྱུར་པ་ནས་བཟུང་སྟེ་རིམ་གྱིས་མིའི་ཚེ་ལོ་བཅུའི་བར་དུ་མར་བྲི་བ་སྟེ། བར་གྱི་བསྐལ་པ་གཅིག་གོ །དེ་ནས་ཡང་ཚེ་ལོ་བརྒྱད་ཁྲིར་གྱུར་ལ་སླར་ཡང་བྲི་བའི་བར་གྱི་བསྐལ་པ་གཉིས་པ་སྟེ། དེ་ལྟ་བུ་བཅོ་བརྒྱད་དང་དེའི་ཐ་མ་ཡང་ཚེ་ལོ་བཅུ་ནས་བརྒྱད་ཁྲིར་ཡར་སྐྱེ་བའི་བསྐལ་པ་གཅིག་དང་། དང་པོ་མར་འགྲིབ་པའི་བསྐལ་པ་སྟེ། དེ་ལྟ་བུ་བཅོ་བརྒྱད་དང་དེའི་ཐ་མ་ཡང་ཚེ་ལོ་བཅུ་ནས་བརྒྱད་ཁྲིར་ཡར་སྐྱེ་བའི་བསྐལ་པ་གཅིག་དང་། དང་པོ་མར་འགྲིབ་པའི་བསྐལ་པ་སྟེ། དེ་ལྟ་བུ་བར་གྱི་བསྐལ་པ་ཉི་ཤུར་འཇིག་རྟེན་འཆགས་སོ། །ཉི་ཤུར་གནས་པ། ཉི་ཤུར་འཇིག་པ། ཉི་ཤུར་སྟོངས་ཏེ། བར་གྱི་བསྐལ་པ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་གཅིག་ཅེས་བྱ་སྟེ། དེ་ལྟ་བུ་བགྲང་བའི་མཐའ་ལས་འདས་པ་ནི་བསྐལ་པ་གྲངས་མེད་པ་གཅིག་སྟེ། མོས་པས་སྤྱོད་པའི་ས་དང་། ས་བརྒྱད་མན་ཆད་དང་། སངས་རྒྱས་ཀྱི་ས་ཀུན་ཏུ་འོད་མན་ཆད་དུ་བསྐལ་པ་དེ་ལྟ་བུ་རེ་རེ་ཐོགས་པར་གོ་རིམ་བཞིན་དུ་སྦྱར་རོ། ། |