11136

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲངས་ཚང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལས་གང་དང་གང་བྱེད་པ་དེ་དང་དེ་ལ་མདོ་ལས་གསུངས་པའི་གྲངས་ལྟར་དགེ་སློང་གི་གྲངས་ཚང་བ་ཞིག་ལ་ཟེར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དང་པོ་གྲངས་ཚང་བ་ཡོད་དེ། མདོའི་མདོར་བསྟན་དུ་འདིར་ཆོ་ག་ནི་དགེ་འདུན་ཚང་བ་དང་ཞེས་དང་། རྒྱས་བཤད་དུ་དབྱུང་བ་ལ་ནི་ཉི་ཤུ་ལ་སོགས་པ་དགེ་འདུན་ཉིད་དོ། །བསྙེན་པར་རྫོགས་པ་ལ་ནི་བཅུ་ལ་སོགས་པའོ། །མཐའ་འཁོབ་དག་ཏུ་མེད་ན་འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའོ། །ལྷག་མ་ནི་བཞི་ལ་སོགས་པའོ། །ཞེས་དང་། དགག་དབྱེ་ནི་དགེ་སློང་གི་དགེ་འདུན་ལ་ཡང་ངོ་། །མགུ་བ་དང་དབྱུང་བ་ནི་གཉིས་ཀ་ཚོགས་པ་ལའོ། །བསྙེན་པར་རྫོགས་པར་བྱ་བ་ཡང་ངོ་། །འདི་ལ་དེ་དག་གི་ཚོགས་ནི་བཅུ་གཉིས་སོ། །སྔ་རོལ་གྱི་སྡོམ་པ་གཉིས་དང་། འཁོར་དང་འཁོར་མང་པོ་ཉེ་བར་བཞག་པའི་གནང་བ་སྦྱིན་པ་དང་བཅས་པའི་དགེ་འདུན་གྱི་མཐའ་འོ། །ལྷག་མ་དག་གི་ཚོགས་ནི་བཞིའོ། །ཞེས་འབྱུང་བ་ལྟར་གྲངས་ཚང་མི་འདྲ་བ་བཅུ་གཅིག་ཡོད་པའི་ཕྱིར་ཏེ། དགེ་སློང་ཕའི་ལྷག་མའི་དབྱུང་བ་ལ་ཉི་ཤུ། ཡུལ་དབུས་སུ་སྐྱེས་པ་བསྙེན་པར་རྫོགས་པ་ལ་དགེ་སློང་བཅུ། མཐའ་འཁོབ་ཏུ་འདུལ་བ་འཛིན་པ་ལས་མཁན་དང་བཅས་པའི་ལྔ། དགེ་སློང་ཕའི་དགག་དབྱེ་བྱེད་པ་ལ་ལྔ། ལྷག་མ་གཞན་ཐམས་ཅད་ལ་བཞིའི་གྲངས་ཚང་བ། དགེ་སློང་མའི་དགག་དབྱེ་ལ་ཡུལ་དབུས་སུ་དགེ་སློང་ཕ་མ་བརྒྱད་བྱེད་པ་པོ་གཅིག་དང་དགུ། མགུ་བ་སྤྱོད་པ་ལ་དགེ་སློང་ཕ་མ་བརྒྱད། དགེ་སློང་མའི་ལྷག་མའི་དབྱུང་བ་ལ་ཕ་མ་ཉི་ཤུ་ཉི་ཤུ་སྟེ་བཞི་བཅུ། ཡུལ་དབུས་སུ་བུད་མེད་བསྙེན་པར་རྫོགས་པ་ལ་དགེ་སློང་ཕ་བཅུ། དགེ་སློང་མ་བཅུ་གཉིས་ཏེ་ཉེར་གཉིས། མཐའ་འཁོབ་ཏུ་བསྙེན་པར་རྫོགས་པ་ལ་དགེ་སློང་ཕ་ལྔ་མ་དྲུག་སྟེ་བཅུ་གཅིག །དགེ་སློང་མའི་སྔ་རོལ་གྱི་དགེ་སློབ་མའི་སྡོམ་པ་དང་། ཚངས་སྤྱོད་ལ་ཉེར་གནས་ཀྱི་སྡོམ་པ་གཉིས་དང་། འཁོར་དང་འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་ལ། ཡུལ་དབུས་སུ་དགེ་སློང་མ་བཅུ་གཉིས། མཐའ་འཁོབ་ཏུ་དྲུག་གི་གྲངས་ཚང་དགོས་པའི་ཕྱིར། མཐའ་འཁོབ་ཏུ་ཡང་དགེ་སློང་བཅུ་མེད་ན་ལྔས་བསྙེན་པར་རྫོགས་པ་བྱ་རུང་གི །བཅུ་ཡོད་བཞིན་དུ་མི་རུང་སྟེ། སྐྱེ་ལ་ཉེས་བྱས་སུ་གསུངས་པའི་ཕྱིར། འཕོངས་པའི་ཚེ་དགེ་སློང་བཞིས་བསྙེན་རྫོགས་རུང་བ་ཡང་བཤད་ཟིན་ཏོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:གྲངས་ཚང་བ་

|; |@@@ | | }}