1114

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀློག་སྐྱ་གཞོན་ནུ་འབར་བ་ (1)
Part of speech མིང་ཚིག
Definition མར་པ་དོ་བ་ཆོས་ཀྱི་དབང་ཕྱུག་དང་དུས་མཉམ་ཡིན། བོད་ཡུལ་ནས་ ཐོག་མར་སློབ་གཉེར་མཛད། ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས། རྒྱ་གཞུང་མང་པོ་ལེགས་སྦྱར་ལས་བསྒྱུར། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་རྡོ་རྗེ་ཕག་མོ་མདོར་བསྡུས་པའི་བསྟོད་པ་དང་། དཔལ་གསང་བ་འདུས་པ་དོགས་སླ་ཞིང་མདོར་བསྡུས་པ་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས། འདུས་པའི་དབང་བསྐུར་བ་མདོར་བསྡུས་པ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རྐང་པ་དང་བཅས་པའི་བརྒྱ་ཕྲག་གཉིས་པ། ཁྲོ་བོ་གཏུམ་པོ་ཆེན་པོའི་སྒྲུབ་ཐབས་བཅས་བཞུགས།