11144

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲངས་ལྡན་ (1)
Part of speech མིང་ཚིག
Definition སྔོན་གྱི་རྒྱལ་ཁབ་ཅིག་གི་མིང་སྟེ། ཕྱི་རོལ་བའི་གཏམ་རྒྱུད་དུ། གྲགས་ལྡན་རྒྱལ་ཁབ་ཀྱི་རྒྱལ་པོ་ལྷ་མ་ཡིན་སྟོབས་ལྡན་ལ། ཁྱབ་འཇུག་གིས་མིའུ་ཐུང་གི་གཟུགས་སུ་བྱས་ནས་ས་གཞི་གོམ་པ་དོ་བསླངས་པས། རྒྱལ་པོས་གོམ་པ་གསུམ་ཡང་ཁྱེར་ཟེར་བས། ཁྱབ་འཇུག་ལུས་བསྐྱེད་དེ་རི་རབ་དང་རྒྱ་མཚོའི་མཐིལ་ལ་རྐང་པ་གཉིས་བཞག་ནས་གཅིག་གི་ས་མེད་པས་སྟོབས་ལྡན་གྱི་མགོ་ལ་བཞག སྟོབས་ལྡན་སྐྲག་ནས་ས་འོག་ཏུ་ཞུགས། གྲགས་ལྡན་རྒྱལ་ཁབ་ཁྱབ་འཇུག་གིས་གོམ་པ་གཅིག་གིས་བླངས་ཞེས་གྲགས། འདིར་དེ་དང་རྗེ་བཙུན་མི་ལ་རས་པ་ཚེ་གཅིག་ཏུ་མངོན་པར་སངས་རྒྱས་པ་དང་དཔེ་དོན་སྦྱར་ནས་བྲིས་པའོ། །