11182

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲྭ་ཐང་གཙུག་ལག་ཁང་ (1)
Part of speech མིང་ཚིག
Definition གྲྭ་ཐང་གཙུག་ལག་ཁང་ནི། སློབ་དཔོན་རིན་པོ་ཆེས་ལུང་བསྟན་པ་ལྟར། གཏེར་སྟོན་གྲྭ་པ་མངོན་ཤེས་དགུང་ལོ་བདུན་ཅུ་བཞེས་པ། རབ་བྱུང་དང་པོའི་ལྕགས་བྱ། ཕྱི་ལོ་ ༡༠༨༡ ལོར་རྨང་བཏིང་། དགུང་གྲངས་བདུན་ཅུ་རྩ་དགུ་སྐུ་གཤེགས་གཙུག་ལག་ཁང་ཕལ་ཆེར་གྲུབ། དེ་རྗེས་དབོན་པོ་འབྱུང་གནས་ཤེས་རབ་དང་། འབྱུང་གནས་ཚུལ་ཁྲིམས་གཉིས་ཀྱིས་ལོ་གསུམ་ཚུན་ཆད་ལ་ལེགས་པར་གྲུབ། འདི་བཞེངས་པ་ལ་ལོ་བཅུ་གསུམ་འགོར་བར་བཤད། གཙུག་ལག་ཁང་འདི་ཉིད་ལུགས་གསུམ་དང་ལྡན་པ་ཞིག་སྟེ། སྟེང་ཐོག་རྒྱ་གར་ལུགས། བར་ཐོག་རྒྱ་ནག་ལུགས། འོག་ཐོག་བོད་ལུགས་བཅས་སུ་བཞེངས་པ་དང་། ལྷ་ཁང་རྣམས་ཀྱི་ཀ་བ། གདུང་མ་སོགས་ཤུག་པ་ཤ་སྟག་ལས་གྲུབ་པ་ཡིན། འདི་ནི། བསམ་ཡས་གཙུག་ལག་ཁང་ལས་ཁྱད་པར་ལྔས་འཕགས་པ་ཡོད་པས་མཚན་གཞན་ལྔ་ལྡན་གྲྭ་ཐང་ཞེས་ཀྱང་བརྗོད། དབོན་པོ་རྣམ་གཉིས་དང་། གདན་ས་བཞི་པ་ཆོས་སྐྱབས་དོན་སྟེངས་པ་སོགས་ཀྱིས་བསྐྱངས། དེ་ནས་ཉམས་རྒྱུད་དུ་སོང་བ་ཕྱིས་ཡར་རྒྱབ་ཆོས་རྒྱལ་གྱིས་སྦྱིན་བདག་མཛད་དེ་དཔལ་ལྡན་ས་སྐྱ་པའི་རིང་ལུགས་འཛིན་པ་དང་། མཁན་ཆེན་ཤེས་རབ་ཟླ་བ། དགེ་བ་རྒྱལ་མཚན། ཞྭ་ལུ་ལོ་ཙཱ་བ། གྲྭ་ཐང་མཁན་པོ་སངས་རྒྱས་དཔལ་བཟང་། གོང་དཀར་ཆོས་སྡེ་སྡིང་མ་བ་སོགས་ཀྱིས་བསྐྱངས། འདུ་ཁང་ཆེན་མོར། ཀ་བ་ཉི་ཤུའི་སྦུག་ཏུ་དྲི་གཙང་ཁང་ཀ་བ་དགུ་མལ་རྒྱ་ནག་ལྕགས། དབུས་སུ་ཐུབ་པ་བྱང་ཆུབ་ཆེན་པོ་དང༌། ཉེ་སྲས་བརྒྱད། རྡོ་རྗེ་འཆང་གི་སྐུ་གསུང་བྱོན། མར་མེ་མཛད། གྲྭ་པ་མངོན་ཤེས་ཀྱི་སྐུ་དང་། གྲྭ་པ་མངོན་ཤེས་སློབ་མ་གཉིས་དང་བཅས་པའི་གདུང་རྟེན་ལི་མ་དང་། ལོ་ཆེན་ཆོས་སྐྱོང་བཟང་པོའི་གདུང་རྟེན་དངུལ་གདུང་ཕྲ་རྒྱན་ཅན། ལོ་ཆེན་ཐུགས་དམ་རྟེན། ཞྭ་ལུ་ཆོས་སྐྱོང་བཟང་པོ། གསེར་ཟངས་ལས་གྲུབ་པའི་རྡོ་རྗེ་འཆང་དངུལ་སྐུ་ནས་ཀུན་མཁྱེན་རྡོ་རྗེ་གདན་པའི་བར་གྱི་ལམ་འབྲས་བླ་བརྒྱུད་མི་ཚད་ཙམ། བཀའ་གདམས་མཆོད་རྟེན། རྟེན་གཙོ་རྣམ་སྣང་མི་བཞི་རྒྱབ་སྤྲོད་སོགས་རྟེན་ཤིན་ཏུ་མང་ལ། གསུང་རབ་ལ། བཀའ་བསྟན་སོགས་དང་། སྡེ་པ་ཡར་རྒྱབ་པས་སྦྱིན་བདག་མཛད་དེ་ཟུར་མཁར་བློ་གྲོས་རྒྱལ་པོས་སྐད་གྲགས་ཆེ་བའི་གྲྭ་ཐང་རྒྱུད་བཞི་དཔར་དུ་བརྐོས་སོགས་མང་དུ་བཞུགས། ལྷག་པར་དུ། དུས་རབས་བཅུ་གཅིག་པའི་དུས་འགོའི་སྐབས་ཀྱི་བྲིས་རིས་ཁྱད་དུ་འཕགས་པ་སོགས་རིན་ཐང་བྲལ་བའི་དངོས་རྫས་ཀྱིས་གཏམས་ནས་ཡོད། དགོན་པ་འདིར་ཐུན་མོང་མ་ཡིན་པའི་སྲུང་མ་ཞང་བློན་གྱི་བྱུང་རབས་འཕྲིན་ལས་སྒྲུབ་ཚུལ་དང་དེའི་མགོན་ཁང་ཀྱང་ཡོད། སྡེ་པ་གཞུང་གིས་ཕྱི་ལོ་ ༡༩༣༦ ཉམས་གསོ་བྱས། རིག་གསར་སྐབས་ཉམས་རྒུད་ཆེན་པོ་བྱུང་ཡང་། དེང་ཉམས་གསོ་བྱེད་བཞིན་པ་བཅས།

{{#arraymap:གྲྭ་ཐང་གཙུག་ལག་ཁང་

|; |@@@ | | }}