11238

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲལ་རིམས་སུ་མ་ཕེབས་པར་འབྲིམ་དུ་འཇུག་པ་མ་བཟློག་པ་ཟ་བའི་སོར་བཤགས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། དགེ་སློང་གིས་བསྐོ་བཤམ་ལོག་པར་བྱས་པ་དེ་མ་བཟློག་པར་ཟས་ཟོས་པ་ལས་གྱུར་པའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། ཁྱིམ་པས་འགྲོན་དུ་བོས་པ་ལ་དགེ་སློང་མས་གྲལ་རིམས་སུ་མ་ཕེབས་པར་འབྲིམ་པ་མ་ཟློག་པར་ཟས་ཟོས་པ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་ཁྱིམ་པས་དགེ་འདུན་ལ་མཆོད་སྟོན་འདྲེན་པ་ན། དགེ་སློང་མས་བསྐོ་བཤམ་ཕྱིན་ཅི་ལོག་ཏུ་བྱེད་པ་དེ་མ་བཟློག་པར་དྲུག་སྡེ་རྣམས་ཀྱིས་ཟས་ཟོས་པ་ལས་སོ་སོར་བཤགས་པར་བྱ་བ་བཅས་སོ། །དགག་བྱ་ནི་ཆགས་པས་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པ་དང་། གྲོགས་ཀྱི་འཚོ་བ་གནོད་པའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:གྲལ་རིམས་སུ་མ་ཕེབས་པར་འབྲིམ་དུ་འཇུག་པ་མ་བཟློག་པ་ཟ་བའི་སོར་བཤགས་

|; |@@@ | | }}