1124
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདི་ནི་བསམ་ཡས་མཆིམས་ཕུའི་ལྷུན་གྲུབ་སྒང་གི་ཤར་ངོས་སུ་ཡོད། ས་དེར་ཀུན་མཁྱེན་ཀློང་ཆེན་གྱི་གཟིམ་ཕུག་དང་། ཀློང་ཆེན་ངག་གི་དབང་པོས་ལོ་གསུམ་སྒྲུབ་པ་མཛད་ཅིང་དེར་རྩ་གསུམ་གྱི་ལྷ་ཚོགས་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་ཞལ་གཟིགས་ནས་སྙིང་ཐིག་གི་གདམས་པ་མངོན་སུམ་དུ་བསྩལ་བའི་བྲག་དམར་རིང་མོ་ཅན་གྱི་གཟིམ་ཕུག་སོགས་ཡོད། |