11292

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲིབ་ (1)
Part of speech མིང་ཚིག
Definition ལུས་ཀྱི་རྩ་དཀར་ནག་འགྲིབ་པའམ་ཉམས་པར་གྱུར་པའི་ནད་ཀྱི་མིང་སྟེ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་གསོ་བ་རིག་པའི་མིང་ཚིག་འགའ་ཞིག་གི་དོན་གྱི་བཞིན་རས་གསལ་བར་སྟོན་པའི་མེ་ལོང་ལས། ཚེ་སྲོག་སེམས་ཀྱི་རྟེན་བྱེད་པའི། ལུས་ཀྱི་རྩ་དཀར་རྩ་ནག་རྣམས། འགྲིབ་ཅིང་ཉམས་པར་གྱུར་པའི་ཕྱིར། དེ་ལ་གྲིབ་ཅེས་བཤད་པ་ཡིན། ཞེས་གསུངས་པ་ལྟར་རོ། །
གྲིབ་ (2)
Part of speech མིང་ཚིག
Definition མི་གཙང་བའི་དམེ་བཙོག་སྟེ།
Example གོས་གྲིབ། ཟས་གྲིབ། རོ་གྲིབ་ལྟ་བུ།