1130
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས། ལྷ་སའི་གཙུག་ལག་ཁང་མ་བཞེངས་གོང་དུ་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་བཅུ་གཉིས་བཞེངས་པའི་ནང་ནས་མདོ་ཁམས་འདན་མའི་ཡུལ་དུ་ཀློང་ཐང་སྒྲོལ་མ་ལྷ་ཁང་བཞེངས། ལྷ་ཁང་དེ་ཡང་ཕྱི་མཆོད་རྟེན། ནང་ལྷ་ཁང༌། རྩ་བ་གཟེར་མགོའམ་ཟླུམ་པོ། རྩེ་མོ་རྒྱ་ཕིབས་ཀྱི་དབྱིབས་སུ་ཡོད་པར་ནེལ་པའི་ཆོས་འབྱུང་ལས་གསུངས། |