11327

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲིབ་སེལ་ཤེལ་གྱི་མེ་ལོང་ (1)
Part of speech མིང་ཚིག
Definition བླ་མ་དྲག་པོའི་ལས་ཚོགས་ལས། གྲིབ་སེལ་ཤེལ་གྱི་མེ་ལོང་། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཤིན་ཏུ་ཟབ་གཉན་ཡོན་ཏན་ལྡན་པའི་ཕྱིར༔ ཕྱི་རབས་དོན་དུ་བླ་མ་དྲག་པོ་ཡི༔ ལས་ཚོགས་རྐྱེན་དུ་བདག་འདྲ་མཚོ་རྒྱལ་ཞུས༔ ཨ་ཙར་ཡེ་ཤེས་བཀའི་ཡིག་མཁན་བྲིས༔ མཁར་ཆུའི་བྲག་ལ་སྦས་སོ་ས་མ་ཡ༔ མ་འོངས་སྐལ་ལྡན་བུ་དང་འཕྲད་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་མཁར་ཆུ་ནས་གདན་དྲངས། འདིའི་ནང་དོན་ལ། རྣལ་འབྱོར་པ་སྤྱོད་པ་རྩིང་བ་དང་། དམ་ཚིག་ཉམས་པའི་སྐྱོན་སོགས་ཀྱིས་རྣལ་འབྱོར་པ་ལ་ནད་དང་། གྲིབ་དང་མཁོན། ཁམས་ཉོག་པ་སོགས་འབྱུང་བས་དེའི་ཉམས་གྲིབ་དང་ཆགས་ཉམས་གསོ་བའི་ཐབས་བསྟན།