From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གྲུ་བཞི་ (1)
| Part of speech
|
རྒྱན་ཚིག
|
| Definition
|
ཟུར་བཞི་ཅན་གྱི་དབྱིབས་སམ་འགྲམ་ལོགས་བཞི་ཀའི་ཆེ་ཆུང་འདྲ་བོ་ཡོད་པའི་རྣམ་པ་སྟེ།
|
| Keyword
|
True
|
| Example
|
ཁང་པ་རྡོ་ཁང་གྲུ་བཞི། རས་ཡུག་གྲུ་བཞི་གཅིག་ལྟ་བུ།
|
| Synonyms
|
ཁ། ལྷམ་པ། གྲུ་བཞི་མ།
|
གྲུ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
རྡོའི་སྨན་གྱི་རིགས་ཤིག་སྟེ། མདོག་སྨུག་ནག་སེར་ཁ་ཅུང་ཟད་ཡོད་པ། དབྱིབས་གྲུ་བཞི་ཁོ་ན་ལས་མི་ཡོང་བ་བཅག་ན་ཕྱི་ནང་ཐམས་ཅད་རྒྱུ་གཅིག་ལ་གྲུ་བཞི་ཁོ་ནར་ཆག་པ། རྡོ་འདི་གནའ་དུས་སུ་རྩིས་རྒྱག་སྐབས་གྲངས་བརྒྱ་ཐམ་པའི་ཚབ་ཏུ་འཇོག་གི་ཡོད་པར་བརྟེན་བརྒྱ་རྡོ་ཞེས་ཀྱང་ཟེར། རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་དྲོ་བས་ཀླད་པ་གསོ་ཞིང་ཆུ་སེར་སྐེམ་པར་བྱེད། ཁྱད་པར་མཆིན་པའི་ནད་ལ་ཕན་ཞིང་མཆོག་ཏུ་གྱུར་པ་ཞིག་ཡིན།
|