11371

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུ་མེར་ཚུལ་ཁྲིམས་འབྱུང་གནས་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་པའི་མཇུག་དུ་དབུས་སུ་འཁྲུངས། དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ། དབུས་གཙང་གི་མཁས་པ་མི་བཅུའི་ནང་ཚན་འདུལ་འཛིན་ཆེན་པོ་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ལས་རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས། འདུལ་བའི་ཆོས་གཞུང་སོགས་མང་དུ་གསན། སོལ་ནག་ཐང་པོ་ཆེ་བཞེངས། དགེ་འདུན་མང་པོའི་ཚོགས་པ་བསྐྱངས། འདུལ་བའི་བསྟན་པ་སྤེལ། སློབ་མ་གྲགས་ཆེ་བ་ནི་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་། རྒྱལ་བ་འོད་སོགས་མང་དུ་བྱོན། ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ཀྱི་སློབ་མ་ཀ་བ་བཞིའི་ཡ་གྱལ་ཞིག་ཡིན།

{{#arraymap:གྲུ་མེར་ཚུལ་ཁྲིམས་འབྱུང་གནས་

|; |@@@ | | }}