1140
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅོ་བརྒྱད་པའི་དཀྱིལ་དུ་འཁྲུངས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་ཀློང་རྡོལ་ངག་དབང་བློ་བཟང་སོགས་ལ་བསྟེན་ནས་བྱང་ཆུབ་ལམ་རིམ་གྱི་གསུང་ཆོས་ལན་མང་ཞུས། སྙེ་ཐང་རིན་ཆེན་གླིང་དུ་སྒྲུབ་པ་ཉམས་ལེན་རྩེ་གཅིག་ཏུ་མཛད། རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད་པས་ཤིན་ཏུ་ཕངས། གསུང་རྩོམ་ནི་ལམ་རིམ་ཚིགས་བཅད་འོད་དཀར་འཕྲོ་བ་ལས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་ཚུལ་དང་། ལམ་རིམ་ཚིགས་བཅད་འོད་དཀར་འཕྲོ་བ་ལས་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་བློ་སྦྱོང་ཚུལ། ལམ་རིམ་ཚིགས་བཅད་འོད་དཀར་འཕྲོ་བ་ལས་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་བཅས་པོད་གཅིག་བཞུགས། |