11416
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི་གྲོ་མོ་བཀའ་བརྒྱུད་སྤྲུལ་སྐུའི་སློབ་མ་ཡིན། རྗེ་གཙང་པ་རྒྱ་རས་ཀྱི་ཞལ་སློབ་བྲག་སྒོམ་སངས་རྒྱས་རིན་ཆེན་སྤྲིན་ཟམ་དགོན་དུ་བཞུགས་པའི་རྣམ་ཐར་ནང་། ཚེ་ལོ་ཉི་ཤུ་པ་ལའང་གནས་དེར་གྲུབ་ཐོབ་འོང་ཞེས་གསུངས་པ་ལྟར། རི་ཁྲོད་ཡ་མཚན་ཅན་དེར་གྲུབ་ཆེན་འདི་ཉིད་བཞུགས་པ་སྟེ། དེ་ཡང་དམ་པ་འདི་ལ་སྟོད་ནས་བཟུང་བལ་ཡུལ་དང་གངས་ཏི་སེ་མན། ཀོང་པོ་རྩ་རི་ཡན་གྱི་དབུང་གཙང་གི་གནས་ཐམས་ཅད་འཁོར་བར་བགྱིས་ཤིང་། སྙིང་རུས་དང་དཀའ་སྤྱད་མཐར་ཕྱིན་པ། ཕྱིས་གནས་དེར་བསྡད་རྩིས་ཀྱིས་འབའ་རར་རས་ཕུད་གཏོང་ལ་ཕྱིན་སྐབས། དོན་འགྲུབ་སྡིངས་ན་གཟིམས་པའི་རྨི་ལམ་དུ་སྐྱེས་པ་བཞིན་བཟང་གོས་ལྗང་གུ་གྱོན་པ་ཞིག་ཡོང་ནས། དར་མཛོད་གཅིག་གཏང་སྟེ་ད་བྱོན་རན་པའི་སྐུལ་མ་ཡང་ཡང་བྱུང་། དེ་ནི་སྤྲིན་ཟམ་དགོན་གྱི་གཞི་བདག་སྟེ། ཕྱིས་དགོན་གནས་དེ་ཉིད་ཉམས་གསོ་བགྱིས་ནས་བཞུགས་པའི་དུས་སུ་མཐུན་རྐྱེན་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པའི་གྲུབ་ཐོབ་ཆེན་པོ་ཞིག་ཡིན་ནོ། ། |