11419

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུབ་ཐོབ་ (1)
Part of speech མིང་ཚིག
Definition གསང་སྔགས་ཀྱི་ལམ་ལ་བརྟེན་ནས་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ་པའམ་མཆོག་གི་དངོས་གྲུབ་བརྙེས་པའི་སྐྱེས་བུ་ཁྱད་པར་ཅན་ཞིག
Domain ཆོས་ལུགས།

{{#arraymap:གྲུབ་ཐོབ་

|; |@@@ | | }}

གྲུབ་ཐོབ་ (2)
Part of speech མིང་ཚིག
Definition གྲུབ་ཐོབ་ཆུང་ངུ་མཐོང་ལམ་ཡིན། །གྲུབ་ཐོབ་འབྲིང་པོ་ས་བརྒྱད་པ། །གྲུབ་པ་ཆེན་པོ་སངས་རྒྱས་ས། །འཕགས་པ་མིན་ལ་གྲུབ་ཐོབ་མེད། །མདོ་སྡེ་རྒྱན་ལས་འདི་སྐད་གསུངས། །གྲུབ་པ་དག་དང་མ་གྲུབ་དང་། །གྲུབ་པ་དག་ཏུ་ཤེས་པར་བྱ། །མ་གྲུབ་པ་ཡང་གྲུབ་པ་དང་། །གྲུབ་པ་དག་ཏུ་ཡང་དག་འདོད། །ཅེས་གསུངས་དགོངས་པ་དེ་ཉིད་ཡིན། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །ལམ་འབྲས་ལས་ཀྱང་དེ་སྐད་གསུངས། །ངེད་ཀྱི་གྲུབ་ཐོབ་དེ་འདྲ་ཡིན། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། །ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས། ཐེག་ཆེན་འཕགས་པ་མ་ཡིན་པ་ལ་གྲུབ་ཐོབ་མེད་པའི་རྒྱུ་མཚན། མདོ་སྡེ་རྒྱན་ལས། ས་རྣམས་ཐམས་ཅད་མ་གྲུབ་དང་། །གྲུབ་པ་དག་ཏུ་ཤེས་པར་བྱ། །གྲུབ་པ་དག་ཀྱང་མ་གྲུབ་དང་། །གྲུབ་པ་དག་ཏུ་ཡང་འདོད་དོ། །ཞེས་མོས་སྤྱོད་ཀྱི་ས་མ་གྲུབ་པ་དང་། ས་དང་པོ་ཡན་ཆད་གྲུབ་པ་ཡིན་ཅིང་། དེ་ལ་ཡང་ས་བདུན་པ་མན་ཆད་མ་གྲུབ་པ་དང་། ས་བརྒྱད་པ་ཡན་ཆད་གྲུབ་པ་ཡིན་ནོ་ཞེས་སོགས་གསུངས་པ་ཡང་། གྲུབ་ཐོབ་ས་དང་པོ་ཡན་ཆད་ལ་འཇོག་པའི་དགོངས་པ་དེ་ཉིད་ཡིན་ནོ། །ལམ་འབྲས་ལས་ཀྱང་། གྲུབ་མཐའ་བཞི་པོ་ས་དང་པོ་ཡན་ཆད་ལ་འཇོག་པས། ངེད་ཀྱི་ལུགས་ཀྱི་གྲུབ་ཐོབ་དེ་འདྲ་ཡིན་ནོ་ཞེས་གསུངས། པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས། གྲུབ་ཐོབ་ཆུང་ངུ་ནི་ས་དང་པོ་མཐོང་བའི་ལམ་ནས་ས་བདུན་པའི་བར་དང། གྲུབ་ཐོབ་འབྲིང་པོ་ནི་ས་བརྒྱད་པ་ནས་སངས་མ་རྒྱས་ཀྱི་བར་གྱི་ས་དང། གྲུབ་ཐོབ་ཆེན་པོ་ནི་སངས་རྒྱས་ཀྱི་ས་ཡིན་པས་ཐེག་ཆེན་འཕགས་པ་མ་ཡིན་པ་ལ་གྲུབ་ཐོབ་མེད་པའི་ཕྱིར། ནས། དེར་མ་ཟད་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་ལམ་འབྲས་ལས་ཀྱང་དོན་དེ་སྐད་དུ་གསུངས་ཏེ། སྔོན་བླ་མས་རྒྱུ་དུས་ན་བསྟན་པའི་འཁོར་འདས་དབྱེེར་མེད་དེ་ཙམ་ན་རྟོགས། ཞེས་གྲུབ་མཐའ་བསྙོགས་པ་ས་དང་པོ་ནས་བཞག་པའི་ཕྱིར། དེ་ལྟར་ན་ངེད་ཀྱི་གྲུབ་ཐོབ་ནི་ས་ཐོབ་པ་དེ་འདྲ་ཡིན་ཞིང། ཁྱེད་ཀྱིས་རྟོགས་ལྡན་གྱི་མཚན་ཉིད་འདི་ཡིན་ཞེས་ངོས་བཟུང་རྒྱུ་མེད་དེ། གྲུབ་ཐོབ་ལས་བཟང་བའི་རྟོགས་ལྡན་མདོ་རྒྱུད་ཀུན་ལས་གསུངས་པ་མེད་པའི་ཕྱིར་རོ་ཞེས་གསུངས་སོ། །

{{#arraymap:གྲུབ་ཐོབ་

|; |@@@ | | }}