11420
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི་རབ་བྱུང་དྲུག་པའི་ཆུ་སྤྲེལ་ལོར་སྐུ་བལྟམས། སྐུ་ཆུང་ངུ་ནས་དམ་པའི་སྐྱེས་བུ་མིའི་གཟུགས་སུ་སྤྲུལ་པའི་རྟགས་མཚན་ཅན་དུ་བཞུགས། དབུས་གཙང་ཁམས་གསུམ་དུ་བྱོན་ནས་མཁས་གྲུབ་ཀྱི་བླ་མ་མང་པོར་བསྟེན། ཐོས་བསམ་སྒོམ་པའི་བྱ་བ་ལྷུར་ལེན་ཏེ་དཀའ་བ་དུ་མ་སྤྱད། བཀའ་གདམས་དང༌། བཀའ་བརྒྱུད་ཕྱོགས་ཀྱི་མཁས་པ་མང་པོའི་ཞབས་ལ་ལྷག་པར་བཏུད་དེ་དབང་ཁྲིད་རྒྱུད་བཤད་མན་ངག་དང་བཅས་པ་མ་འདྲེས་པར་ཐུགས་སུ་ཆུད། ཁྱད་པར་ཞི་གཅོད་སྙན་བརྒྱུད་ཀྱི་བསྟན་པའི་བདག་པོར་གྱུར། དགུང་གྲངས་ཉེར་དྲུག་ནས་ལོ་བཅུ་གསུམ་ལ་ཀཿཐོག་གི་གདན་སར་བཞུགས་ནས་ཕྱོགས་ཀྱི་གྲྭ་རྒྱུན་རྣམས་ལ་སྔ་སྲོལ་བཀའ་གཏེར་རྣམས་ཀྱི་འཆད་སྤེལ་དང་ཞི་གཅོད་ཀྱི་གདམས་ཁྲིད་མན་ངག་དང་བཅས་པ་ཁྱབ་བརྡལ་དུ་སྤེལ། གཅོད་ཀྱི་གདམས་པ་ཀུན་དགའ་འབུམ་པའི་ལུགས་སྲོལ་ཞེས་གྲགས་པ་པོད་ཆེན་གཅིག་ཡོད་པ་ད་ལྟའི་བར་དུ་དཔེ་རྒྱུན་དང་དབང་ཁྲིད་བརྒྱུད་པ་བཅས་བཞུགས། གཞན་ཡང་སྙན་རྒྱུད་གདམས་ཁྲིད་སྐོར་མང་དུ་ཡོད་པར་གྲགས་ནའང་ད་ལྟ་དཔེ་རྒྱུན་ཙམ་ཡང་མི་བཞུགས། དེ་སྐབས་རཀ་ཆབ་དགོན་དང༌། གྲས་རྡ། བར་ཁྱིམ། གཙང་ཆེན། དཔལ་ཡུལ་བྲག་ཁ་ཆུ་སོགས་ལ་འོད་ལུས་སུ་གྲུབ་པ་དང་གྲུབ་རྟགས་ཐོན་པའི་འཁོར་སློབ་མང་དུ་བྱོན། གྲུབ་ཐོབ་ཕྱག་ཡུ་བ་ཞེས་གྲགས་སྟེ་ཏེ། ལྕགས་བྱ་ལོར་སྣྲོན་ཟླའི་ཚེས་བཅུ་གསུམ་ལ་ངོ་མཚར་བའི་ལྟས་དང་བཅས་གཤེགས་སོ། ། |