11425

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུབ་ཐོབ་ཆོས་དྲུག་གི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། གྲུབ་ཐོབ་ཆོས་དྲུག་གི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བརྒྱ་དང་བཞི་པ་ཡིན། བརྗོད་བྱ་ནི། གྲུབ་ཐོབ་ཡོངས་ཀྱི་དགོངས་བཅུད་ལྟ་བ་འོད་གསལ། ལུས་སྒྱུ་ལུས། མཚམས་སྦྱོར་རྨི་ལམ་བར་དོ་སོགས་ཀྱི་སྒོམ་པའི་རིམ་པ་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། མཉམ་མེད་ཤཱཀྱའི་དབང་པོ་ནས་ད་ལྟའི་རྩ་བའི་བླ་མའི་བར་དུ་བརྒྱུད་པ་བར་མ་ཆད་པར་བྱུང་བ་ཡིན་ཏེ། ཁྲིད་བརྒྱའི་མཚན་སྡོམ་ལས། རྡོ་རྗེ་འཆང་ཆེན་གྲུབ་ཐོབ་བརྒྱ་བཅུ་བཞི། མཁའ་འགྲོ་ཀོ་ཀ་ལི་དང་དྷརྨ་ཝཾ། དཔལ་བོ་འོད་གསལ་པཎ་ཆེན་ཀ་མ་ལ། ཚ་བ་རི་བ་མི་འཇིགས་སྦྱིན་པའི་དཔལ། སྨོན་གྲུབ་ཤེས་རབ་རིན་ཆེན་ཡབ་སྲས་དང་། རཏྣ་གུ་རུ་གྲུབ་ཐོབ་ཧཱུྃ་འབར་པ། རྒན་ལྷས་བྱང་དཔལ་སྟག་སྟོན་གཞོན་ནུ་དང། བག་སྟོན་གཞོན་ཚུལ་ཤེས་རབ་རྡོ་རྗེ་དང་། གཉལ་བ་བདེ་ལེགས་འཕགས་མཆོག་བསོད་ནམས་དར། རྒྱལ་མཚན་འོད་ཟེར་བཀའ་འགྱུར་ཤཱཀྱ་བཟང་། སྨྱུག་ལ་པཎ་ཆེན་ཏྲཻ་བོ་ཆོས་རྒྱ་མཚོ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཡིག་སྙིང་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།