11430
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགེ་སློང་དཔལ་སྡེས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་མངོན་པར་རྟོགས་པ། ཆོས་ཚན་འདི་པེ་ཅིང་པར་མ་ལ་མི་བཞུགས། བུ་སྟོན་དཀར་ཆག་ཏུ་ཆོས་ཚན་འདིའི་འཕྲོར་མཆོད་རྟེན་གྱི་མཚན་ཉིད་སྟོན་པ་བུ་སྟོན་ལོ་ཙཱའི་འགྱུར་ཞེས་པ་ཞིག་འཁོད་པ་ལ། དེ་བསྟན་འགྱུར་ཁྲོད་དུ་མི་བཞུགས་ལ་སྡེ་དཀར་དུའང་མ་བྱུང་ཞེས་མཆན་འཁོད། བསྟན་འགྱུར་སྣ་ཚོགས་ངོ་པར་བཞུགས། |