11435

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུབ་ཐོབ་མ་ཎི་རིན་ཆེན་ (1)
Part of speech མིང་ཚིག
Definition ཁོང་ནི་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཆོས་བདག་ཏུ་ལུང་བསྟན། གསང་བདག་བྱམས་པ་འབུམ་ལས་རབ་ཏུ་བྱུང༌། མདོ་སྔགས་ཕྱི་ནང་གི་ཆོས་ཀྱི་བདུད་རྩི་ཚིམས་པར་གསོལ་བས་མཁྱེན་རྟོགས་ཀྱི་ཡོན་ཏན་ཕུལ་དུ་ཕྱིན། བྱམས་པ་རིན་པོ་ཆེའི་བཀའ་བཞིན་ལྷོ་བྲག་ཏུ་གཏེར་ཆེན་གུ་རུ་ཆོས་དབང་མདུན་དུ་བྱོན། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྩ་བའི་ཆོས་བདག་ཏུ་མངའ་གསོལ། ཟབ་གཏེར་རྣམས་ཀྱི་དབང་ཁྲིད་ཡོངས་རྫོགས་གསན། གཏེར་སྟོན་ཉིད་ཀྱི་སྲས་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཀུན་གྲོལ་འབུམ་དང་ལྷན་ཅིག་སྔགས་སྤྱོད་ལ་ཞུགས་ན་ཀཿཐོག་པའི་བསྟན་པ་ལ་འཕེལ་འགྲིབ་མེད་པར་ལུང་བསྟན་ནའང་མ་ཎི་རིན་ཆེན་རབ་བྱུང་གི་རྟེན་ལས་འདའ་བར་མ་གནང་བའི་རྐྱེན་གྱིས་རྟེན་འབྲེལ་ཅུང་འཆུགས། དབུ་སྐྲ་ཉག་མ་བཅུ་གསུམ་མ་ཎི་རིན་ཆེན་ལ་ཕུལ་ནས་འདི་ཀཿཐོག་ཏུ་ཁྱེར་ཅིག་གསུངས་ནས་ཁོང་འཇའ་ཡལ་བ་ལྟར་མཁའ་སྤྱོད་དུ་གཤེགས། མ་ཎི་རིན་ཆེན་གྱིས་དབུ་སྐྲ་རྣམས་ཀཿཐོག་གི་གཡོན་རིར་བྲག་གི་ཟུར་ལ་གཏོར་བས་བེ་ཤིང་གི་ཕུང་པོ་མང་པོ་སྐྱེས། དེའི་རྟེན་འབྲེལ་ལས་བླ་རབས་བཅུ་གསུམ་སོགས་རིམ་བཞིན་བྱོན་པ་ཡིན། མ་ཎི་རིན་ཆེན་གྱིས་རྩ་བ་སྒྱུ་འཕྲུལ་དང་སེམས་ཕྱོགས་ལ་འཆད་ཉན་དང༌། ཁྱད་པར་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་བླ་རྫོགས་ཐུགས་གསུམ་གྱི་དབང་ཁྲིད་ཡོངས་རྫོགས་འཁྲུལ་ཞིག་བྱང་ཆུབ་རྒྱལ་མཚན་སེངྒེ་སོགས་ལ་སྤེལ་བ་ལས་ད་ལྟའི་བར་དུ་རྒྱུན་མི་ཉམས་པར་བཞུགས་པ་དང༌། མངའ་བདག་ཉང་ཉི་མ་འོད་ཟེར་གྱི་སྲས་འགྲོ་མགོན་ནམ་མཁའ་དཔལ་ལས་ཉང་གི་ཟབ་གཏེར་རྣམས་ཀྱང་གསན་ནས་དར་སྤེལ་མཛད་པར་གྲགས་སོ། །རྗེས་སུ་སྐུ་འབུམ་ཐར་པ་གླིང་དུ་ཆོས་རྗེ་ཡབ་སྲས་ཀྱི་གདུང་འབུམ་ཆེན་མོའི་ཐོག་འགེབ་བཅས་བཞེངས་གྲུབ་ནས་ལྷ་ཁང་གི་ཟུར་དོ་རྡོ་ལ་ཞབས་རྗེས་ཡ་གཅིག་བཞག་ནས་བླ་གོས་བྱའི་གཤོག་པ་ལྟར་བྱས་ཏེ་ནམ་མཁའ་ལ་འཕུར་ནས་ཕར་ཀིའི་རི་རྩེར་བབས། དེར་ཞབས་རྗེས་ཡ་གཅིག་བཞག དེ་ནས་བསེ་ར་ཅོག་ཏུ་འཕུར། གནས་དེར་བཞུགས་ནས་རཀ་ཆབ་ཡུལ་སྡེ་ཞིག་ཀྱང་འཛུགས་ནས་རིང་པོར་མ་ཐོགས་པར་སྐུ་འོད་ཕུང་དུ་གཤེགས་པ་ཡིན་ནོ། །

{{#arraymap:གྲུབ་ཐོབ་མ་ཎི་རིན་ཆེན་

|; |@@@ | | }}