11440
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གྲུབ་དབང་དགེ་བཤེས་བློ་བཟང་བསམ་འགྲུབ་བམ་བྱམས་པ་མཁའ་དབྱིངས་མཆོག་ནི། ཡུལ་མདོ་སྨད་བྱང་རྒྱུད་ཀྱི་ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་གི་ཤར་ཕྱོགས། ཚང་ཀྱཱ་ཞེས་པའི་གྲོང་སྡེར་བོད་རབ་བྱུང་བཅོ་ལྔའི་དཀྱིལ་ཙམ་ལ་འཁྲུངས། དགུང་ལོ་ཉི་ཤུ་རྩ་གྲངས་བར་ཁྱིམ་ལ་བཞུགས། དེ་ནས་ཁྱིམ་གྱི་ཉེས་པས་ཐུགས་བསུན་ནས་དབུས་སུ་ཕེབས། ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགོན་ལུང་མི་ཚན་ནང་ཞུགས། མཁན་ཆེན་བསྟན་པ་ཆོས་འཕེལ་ནས་རྒྱུད་པར་ཞུགས་ན་ལེགས་ཚུལ་ཕེབས་པ་ལྟར་རྒྱུད་སྨད་གྲྭ་ཚང་དུ་བསྐྱེད་རིམ་པའི་ཁོངས་སུ་ཞུགས། གཤེགས་ལོ་གསལ་བར་མ་ངེས་ཀྱང་དེ་ནས་ལོ་མང་མ་བཞུགས་པར་དགོངས་པ་གཞན་དོན་དུ་གཤེགས་པའི་གདུང་རྟེན་དང་འདྲ་སྐུ་རིན་པོ་ཆེ་བཅས་རྒྱུད་སྨད་ཀྱི་གྲྭ་ཁང་དེ་གའི་ཡང་སྟེང་དུ་བཞུགས་སོ། ། |