11441

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུབ་དབང་དགེ་ལེགས་དཔལ་བཟང་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༧ པ་དང་དགའ་ཁྲི་ ༢༡ པ་གྲུབ་དབང་དགེ་ལེགས་དཔལ་བཟང་ནི། ཕྱི་ལོ་ ༡༥༠༥ ཤིང་མོ་གླང་གི་ལོར་འོལ་ཁ་གྱང་གསར་ནང་པའི་སྲས་སུ་སྐུ་འཁྲུངས། བསམ་གཏན་གླིང་དང་། སྐྱིད་ཤོད་དུ་མདོ་དང་རྒྱུད་སྟོད་དུ་སྔགས་ལ་སྦྱངས། ལྷག་པར་པཎ་ཆེན་བསོད་གྲགས་སོགས་མཁས་གྲུབ་དུ་མར་བསྟེན་ནས་མདོ་སྔགས་གཞུང་ལུགས་ལ་སྦྱངས་པ་དཔྱིས་ཕྱིན་མཛད་ནས་མཁས་པའི་གོ་འཕང་མཐོན་པོར་ཕེབས། ཕག་མོ་ཆོས་སྡེ་སོགས་ཀྱི་ཞལ་འཛིན་མཛད་པ་སོགས་བསྟན་འགྲོའི་བྱ་བ་རྒྱ་ཆེར་བསྐྱངས་པའི་མཐར། དགུང་ལོ་ ༦༣ སྟེང་ཕྱི་ལོ་ ༡༥༦༧ མེ་ཡོས་ཟླ་བ་ ༤ ཚེས་ ༢༦ ལ་དགའ་ལྡན་དུ་སྐུ་གཤེགས། སྐུ་གདུང་རིན་པོ་ཆེ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་ཞུགས་འབུལ་མཛད་པས་དབུ་ཐོད་ལ་རྣམ་བཅུ་དབང་ལྡན་དང་། གཞན་ཡང་ཁ་དོག་སྣ་ཚོགས་པའི་ལྷ་སྐུ་དང་། རིང་བསྲེལ་དཔག་ཏུ་མེད་པ་བྱོན། དངུལ་གདུང་ལི་མ་ལྷ་ཁང་གི་ཤར་རྟེན་གཙོའི་གཡོན་བཞི་པར་བཞུགས།