11445
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ཕྱི་ལོ་ ༡༧༢༣ ལོར། མདོ་སྨད་དུ་ཧལ་ཧའི་མི་རྒྱུད་ཅིག་ཏུ་འཁྲུངས། བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ནས་ཐུགས་གཉེར་མཛད་ཅིང་ཀུན་མཁྱེན་འཇིགས་མེད་དབང་པོའི་བགྲོ་གླེང་ཞབས་ཕྱི་བ་ཡང་མཛད། དབུས་སུ་སྒོ་མང་ཆོས་གྲྭར་པོ་ཏི་ལྔར་སློབ་གཉེར་དཔྱིས་ཕྱིན་གནང་ཞིང། སྨོན་ལམ་གྲྭ་སྐོར་མཛད། སྨད་རྒྱུད་དུ་ཕེབས་ནས་རྒྱུད་ཀྱི་བསྐྱེད་རྫོགས་དང་ཆོ་ག་ཕྱག་ལེན་ལ་མཁས་པར་སྦྱངས། ཀུན་མཁྱེན་འཇིགས་མེད་དབང་པོའི་བཀའ་འབྲེལ་ལྟར་མདོ་སྨད་དུ་ཕེབས་ནས། བཀྲ་ཤིས་འཁྱིལ་རྒྱུད་པའི་ཁྲིར་ཕེབས་ཤིང་ལྷུང་བཟེད་མཆོད་པ་དང་སྔགས་ཀྱི་དམ་བཅའ་སོགས་གསར་དུ་བཙུགས། ཚོགས་ཆེན་གྱི་ཁྲི་བ་མཛད་ཅིང་ཟབ་མོ་གཅོད་དབང་སྔ་ཕྱིར་མང་དུ་བསྩལ། མཁས་པ་དང་བླ་ཆེན་མི་ཆེན་ཁེངས་ལྡན་དུ་མས་གསན་པས་ཐམས་ཅད་འུར་ལངས་ནས་འཇིག་རྟེན་ཐམས་ཅད་ཕཊ་སྒྲས་ཁེངས་ཙམ་བྱུང། དགུང་ལོ་རེ་བདུན་བཞེས་པ་རབ་བྱུང་བཅུ་གསུམ་པའི་ས་བྱ་ཕྱི་ལོ་ ༡༧༨༩ ལོར་སྐུ་གཤེགས། |