1145
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྫོགས་ཆེན། རྙིང་མ། ཀློང་སྡེའི་སྐོར་བཞི་ནི། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་རྒྱུད་སྡེ་ལས་ནང་ཀློང་སྡེའི་སྐོར་གྱི་རྒྱུད་སྡེ་བཞི་སྟེ། ཐེག་དགུ་སྤྱི་ཆིངས་ཀྱི་འགྲེལ་བཤད་ཉི་མའི་འོད་ཟེར་ལས། ཀློང་སྡེའི་སྐོར་ལ་བཞི་སྟེ། ཕྱི་རྩིས་རྒྱའི་སྐོར་ལ་གླང་པོ་ཆེ་རབ་འབོག་གི་རྒྱུད་ལ་སོགས་པ་གཟེར་བུ་བརྒྱ་དང་བརྒྱད་ཅུ། ནང་གསང་རྒྱའི་སྐོར་ལ་ཀུན་ཏུ་བཟང་མོ་རིག་པ་རང་རྩལ་ཤར་བའི་རྒྱུད་ལ་སོགས་པ་མན་ངག་བརྒྱ་དང་བརྒྱད་ཅུ། གསང་བ་རྒྱུད་བུ་ཆུང་གི་སྐོར་ལ་རིན་ཆེན་བཀོད་པའི་རྒྱུད་ལ་སོགས་པ་བསམ་གཏན་བརྒྱ་དང་བརྒྱད་ཅུ། དགོངས་པ་གཏད་རྒྱའི་སྐོར་ལ་ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལ་སོགས་པ་ལ་བཟླ་བ་བརྒྱ་དང་བརྒྱད་ཅུ་ཡོད་པར་གསུངས་སོ། །ཞེས་གསུངས། |
| Domain | ཆོས་ལུགས། |