11451
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བསྟན་པ་སྔ་དར་གྱི་དུས་སུ་ཡུལ་རེབ་གོང་གི་གྲུབ་ཐོབ་གནས་བརྒྱད་དེ། འབལ་གྱི་མཁར་གོང་ལ་ཁ་དང་། སྟག་ལུང་དཔལ་གྱི་རི་བོ། འདམ་བུའི་བྲག་དཀར་གསེར་ཁང་། མཐའ་སྨུག་རྫོང་དམར་དགོན་པ། སྤྱང་ཕུའི་ལྷ་བྲག་དཀར་པོ། སྐྱ་རྒན་གནས་མོའི་བང་བ། གོང་མོའི་གུར་ཁང་བྲག་རྩ། བཅུ་གཅིག་ཤེལ་གྱི་དགོན་པ་བཅས་བརྒྱད་དོ། །ཁ་ཅིག་གིས་ཤེལ་དེལ་ཆོས་ཀྱི་ཕོ་བྲང་བསྣན་པས་གྲུབ་ཐོབ་གནས་དགུར་བཤད། |