11454

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུབ་པ་བཅུ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་དངོས་གྲུབ་ཆེན་པོ་དང་གནས་སྐབས་ཀྱི་ལམ་མཐར་ཕྱིན་པས་གོང་མ་འགྲུབ་པར་གསུངས་ཏེ། ས་བཅུ་འོག་མ་འོག་མ་ཡིས། །གོང་མ་གོང་མ་ཐོབ་པ་ཉིད། །སྐབས་ཀྱི་རྒྱུ་འབྲས་ཡོད་པའི་ཕྱིར། །གནས་སྐབས་ཞུགས་པའི་དངོས་གྲུབ་བོ། །འདི་ལྟར་ཡང་འཆད་དེ། ས་དང་པོས་འདོད་པའི་དངོས་གྲུབ་དང་། ས་གཉིས་པས་སྦྱོར་བའི་དངོས་གྲུབ་དང༌། གསུམ་པས་སྦྱོར་སྤྱོད་དངོས་གྲུབ་དང༌། བཞི་པས་དྲོད་རྟོགས་དངོས་གྲུབ་དང༌། ལྔ་པར་བསླབ་རྫོགས་དངོས་གྲུབ་དང༌། དྲུག་པར་རྟོགས་པར་གྲུབ་པ་དང༌། བདུན་པར་མི་གཡོ་ཐོབ་པ་དང༌། བརྒྱད་པར་ཆོ་འཕྲུལ་གྲུབ་པ་དང༌། དགུ་པར་ཡེ་ཤེས་སྒྱུ་མ་འགྲུབ་པ་དང་། བཅུ་པར་རང་བྱུང་ཡེ་ཤེས་ཉིད་འགྲུབ་པ་དང་བཅུའོ། །
Domain ཆོས་ལུགས།