11455

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུབ་པ་བཞི་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། གྲུབ་པ་བཞི་ནི། སྤར་ཁབ་ལས། དམ་རྫས་རྨད་དུ་བྱུང་བའི་མཆོད་པ་བསྟན་པའི་ཕྱིར། མཉམ་པའི་གྲུབ་རྫས་ཆེན་པོ་དག། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཉམ་པ་ནི་རང་བཞིན་དང་ལས་ཀྱི་ཕྱིར་རོ། །དེ་དག་གྲུབ་པ་བཞི་དང་ལྡན་ཏེ། ཆོས་ཉིད་རང་བཞིན་གྱིས་གྲུབ་པ་དང་། ཆོས་ཅན་རང་གི་ངོ་བོས་གྲུབ་པ་དང་། མཐུས་གྲུབ་པ་དང་། བྱིན་གྱིས་བརླབས་ཀྱིས་གྲུབ་པ་དང་བཞིའོ། །དེའང་ཐལ་བའི་རྒྱུད་ལས། དངོས་པོ་མ་ལུས་སེམས་ཉིད་ཕྱིར། །མཚན་ཉིད་བྲལ་བ་ཆོས་ཀྱི་དབྱིངས། །རང་བཞིན་བདེ་བའི་ཡེ་ཤེས་ལྔ། །བྱེད་པ་མེད་པར་རང་སྣང་བའོ། །ཤེས་རབ་ཏིང་འཛིན་ཐབས་དག་གིས། །ནུས་མཐུ་ངེས་པར་འབྱུང་བར་འགྱུར། །འདི་ལྟའི་ལམ་ལ་གང་གནས་པ། །ཕྱོགས་དུས་ཀུན་ནས་བྱིན་གྱིས་རློབ། །ཅེས་འབྱུང་བ་ཁོ་ནའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།
གྲུབ་པ་བཞི་ (2)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པ་ལས་གསུངས་པའི་འབྲས་བུ་ཉིད་དང་ལྟ་བའི་བ་མཐའ་ཐུན་མོང་བའི་གྲུབ་པ་བཞི་སྟེ། མཉམ་པ་ཉིད་དུ་གྲུབ་པ། བདེ་བ་ཆེན་པོར་གྲུབ་པ། ཡོངས་སུ་རྫོགས་པར་གྲུབ་པ། ཐམས་ཅད་ལྷུན་གྱིས་གྲུབ་པའོ། །