11467

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུབ་པའི་དབང་ཕྱུག་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏྣའི་ཞལ་ལུང་རིན་པོ་ཆེའི་སྙིང་པོའི་ཕྲེང་བ་ (1)
Part of speech མིང་ཚིག
Definition གྲུབ་པའི་དབང་ཕྱུག་ཤྲཱི་བ་ན་རཏྣའི་ཞལ་སྔ་ནས། དགེ་སློང་རྣལ་འབྱོར་སྤྱོད་པ་རྒྱ་མཚོའི་སྡེ་ཞེས་བྱ་བས་བསྒྱུར་ཞིང་བསྒྲིགས། འདིའི་མཛད་འགྱུར་དུ་འཛམ་བུའི་གླིང་གི་མཁས་པ་མཐའ་དག་གི་ཐིག་ལེ་མཚན་བརྗོད་པར་དཀའ་བའི་གྲུབ་པའི་དབང་ཕྱུག་ཤྲཱི་བ་ན་རཏྣའི་ཞལ་སྔ་ནས། མདོ་སྔགས་ཀྱི་བསྟན་པའི་སྙིང་པོ་ལ་དོ་གལ་དུ་ཡི་དམ་དུ་བྱ་བའི་གནས་ཆེ་ལོང་ལ་གདམས་པའི་གཞུང་ཞལ་ལས་བྱུང་བའི་ཤས་འགའ་ཞིག་ཟིན་པ་རྣམས། པཎྜི་ཏ་ཆེན་པོ་དེ་ཉིད་ཀྱི་བཀའ་དྲིན་གྱིས་འཚོ་བའི་དགེ་སློང་རྣལ་འབྱོར་སྤྱོད་པ་རྒྱ་མཚོའི་སྡེ་ཞེས་བྱ་བས་བསྐྱུད་པར་ཕངས་པ་ཁོ་ནའི་ལྷག་པའི་བསམ་པས་བཞེད་པ་ཇི་ལྟ་བར་བསྒྱུར་ཞིང་། རིན་པོ་ཆེའི་སྙིང་པོ་དམ་པའི་ཕྲེང་བ་ལྟ་བུ་བསྒྲིགས་ཏེ་ཡི་གེར་སྤེལ་བ་རེ་ཞིག་གོ །ཞེས་འཁོད། བསྟན་འགྱུར་རྒྱུད་ག་པར་བཞུགས།

{{#arraymap:གྲུབ་པའི་དབང་ཕྱུག་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏྣའི་ཞལ་ལུང་རིན་པོ་ཆེའི་སྙིང་པོའི་ཕྲེང་བ་

|; |@@@ | | }}