11468

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུབ་པའི་དབང་ཕྱུག་བསོད་ནམས་གྲགས་པ་ (1)
Part of speech མིང་ཚིག
Definition འདི་བ་སྟོད་ལུང་དུ་འཁྲུངས། གཞུ་ཁང་པ་དགེ་ལེགས་ལྷུན་འགྲུབ་ལས་རབ་ཏུ་བྱུང། པཎ་ཆེན་བློ་བཟང་ཆོས་རྒྱན་ལས་ཟབ་ཆོས་ཅི་རིགས་གསན། འབྲས་སྤུངས་སྒོ་མང་དང་རྒྱུད་སྨད་དུ་མདོ་སྔགས་གཉིས་ལ་ཐུགས་གཉེར་གནང། སྲད་རྒྱུད་དུ་རྒྱུད་ཆེན་སངས་རྒྱས་རྒྱ་མཚོ་ལས། རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རྫོགས་དང་བག་རྩེ་སོགས་དྲག་ལས་ཀྱི་སྐོར་སྣ་ཚོགས་གསན། སྡེ་སྲིད་གཙང་པས་སྐྱིད་ཤོད་པའི་སྲིད་དབང་འཕྲོག་སྟེ། འབྲས་སྤུངས་དང་སེ་ར་གཉིས་ལ་གཙེ་འདོད་ཀྱིས། དམག་དྲངས་ནས་བསད་གཏུབ་འཕྲོག་བཅོམ་བྱེད་པའི་སྐབས། འདི་བས་དེ་ལ་དྲག་ལས་མཛད་སྟེ་དམག་བཟློག་མཛད། གཙང་སྡེ་བས་དེ་ལ་སྙད་བཏགས་ནས་བཙོན་དུ་བཅུག་པས་སྐུ་ངལ་འོ་བརྒྱལ་ཚད་མེད་བྱུང། ཕྱིས་ལྔ་པ་ཆེན་པོར་ཞལ་མཇལ་སྐབས། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོར་ཞལ་གྱིས་བཞེས་པར་གྲགས།

{{#arraymap:གྲུབ་པའི་དབང་ཕྱུག་བསོད་ནམས་གྲགས་པ་

|; |@@@ | | }}