From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གྲུབ་པའི་སྤྱོད་པ་ (1)
| Part of speech
|
མིང་ཚིག
|
| Definition
|
རྒྱུད་ཀྱི་ལམ་གྱི་མངོན་རྟོགས་སྤྱོད་པའི་སྒོ་བཞིའི་ནང་གསེས་ཏེ། ལྷ་དང་སྐལ་བ་མཉམ་པའི་རིག་འཛིན་ནམ་མཁའ་སྤྱོད་གྲུབ་ནས། དེའི་རྟེན་ལ་སྔགས་ཀྱི་ཕྱིན་དྲུག་གི་སྤྱོད་པ་སྤྱད་དེ་མཐར་ཐུག་གི་འབྲས་བུ་ལྷའི་སྐུ་གསུང་ཐུགས་དང་མཉམ་པར་སྦྱོར་བས་རིགས་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་མངོན་དུ་བྱེད་པའོ། །
|
| Domain
|
ཆོས་ལུགས།
|
གྲུབ་པའི་སྤྱོད་པ་ (2)
| Part of speech
|
མིང་ཚིག
|
| Definition
|
མཐོང་ལམ་ཡན་གྱི་རྟོགས་པ་བརྙེས་པའི་རིག་པ་འཛིན་པའི་སྤྱོད་པ་ལ་ཡང་གོ་སྟེ།
|
| Example
|
ལས་དང་པོ་པས་རྣལ་འབྱོར་བའི་སྤྱོད་པ་མི་བྱ། རྣལ་འབྱོར་པས་གྲུབ་པའི་སྤྱོད་པ་མི་བྱ། གྲུབ་པས་སངས་རྒྱས་ཀྱི་སྤྱོད་པ་མི་བྱ་ཞེས་གསུངས་པ་ལྟ་བུ།
|
གྲུབ་པའི་སྤྱོད་པ་ (3)
| Part of speech
|
མིང་ཚིག
|
| Definition
|
མ་ཧཱ་ཡོ་ག སྤྱོད་པ་གསུམ་གྱི་ཡ་གྱལ་ལས་གསུམ་པ་སྟེ། དཀོན་ཅོག་འགྲེལ་ལས། མཐའ་མ་དངོས་གྲུབ་ཆེ་ཆུང་གང་ཡིན་པ་ཐོབ་པའི་མཚན་ཉིད་བདག་དང་གཞན་གྱི་ཕུན་སུམ་ཚོགས་པར་སྤྱོད་པ་ནི་གྲུབ་པའི་སྤྱོད་པར་བསྟན་པ་ཡིན་ནོ། །ཞེས་གསུངས།
|