11478
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གྲུབ་པའི་སློབ་དཔོན་ཆེན་པོ་བརྒྱད་ནི། མ་ཧཱ་ཡོ་གའི་ཆོས་སྐོར་སྒྲུབ་པ་ཆེན་པོ་སྡེ་བརྒྱད་ཀྱི་བཀའ་བབས་པའི་གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད་དེ། འཇམ་དཔལ་སྐུ་ཡི་བཀའ་བབས་སློབ་དཔོན་མཉྫུ་ཤྲཱི་མིཏྲ། པདྨ་གསུང་གི་བཀའ་བབས་སློབ་དཔོན་ནཱ་གཱརྫུན་གརྦྷ། ཡང་དག་ཐུགས་ཀྱི་བཀའ་བབས་སློབ་དཔོན་ཧཱུྃ་ཀ་ར། ཆེ་མཆོག་ཡོན་ཏན་གྱི་བཀའ་བབས་སློབ་དཔོན་བི་མ་ལ་མི་ཏྲ། ཕྲིན་ལས་ཕུར་པའི་བཀའ་བབས་སློབ་དཔོན་པདྨ་སམྦྷ་ཝ། མ་མོ་རྦོད་གཏོད་གི་བཀའ་བབས་སློབ་དཔོན་དྷ་ན་སཾསྐྲྀཏ། དམོད་པ་དྲག་སྔགས་ཀྱི་བཀའ་བབས་སློབ་དཔོན་ཤཱནྟིཾ་གརྦྷ། འཇིག་རྟེན་མཆོད་བསྟོད་ཀྱི་བཀའ་བབས་སློབ་དཔོན་རམྦུ་གུཧྱ་དེཝ་ཙནྡྲ་བཅས་བརྒྱད་དང་། ཡང་ལོ་རྒྱུས་གཞན་བཀའ་བརྒྱུད་སྙིང་པོ་བདེ་གཤེགས་འདུས་པ་སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ་བབས་ལས། ཕྲིན་ལས་ཕུར་པའི་བཀའ་བབས་སློབ་དཔོན་པྲབྷཱཧསྟི་དང་། རིན་ཆེན་སྣ་ལྔའི་སྒྲོམ་བུ་བཀའ་བརྒྱད་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་ཆོས་སྐོར་གྱི་བཀའ་བབས་སློབ་དཔོན་པདྨསམྦྷཝ་བཅས། རིག་འཛིན་ཆེན་པོ་དགུའི་བཀའ་བབས་ཀྱི་ལོ་རྒྱུས་ཀྱང་འབྱུང་། གྲུབ་པའི་སློབ་དཔོན་ཆེན་པོ་འདི་དག་གི་མཚན་རྣམས་ནཱ་གཱརྫུན་གརྦྷ་ལ་ཀླུ་སྒྲུབ་སྙིང་པོ་ལྟ་བུ་ལེགས་སྦྱར་ནས་བོད་སྒྱུར་མཛད་པ་དང་། བཛྲ་ཧཱུྃ་ཀ་ར་འམ་ཧཱུྃ་ཀ་ར་ལ་ཧཱུྃ་ཆེན་ཀ་ར་དང་། པདྨ་སམྦྷ་ཝ་ལ་པདྨ་འབྱུང་གནས་ཞེས་སྐད་གཉིས་འདྲེས་མར་ཡོད་པ་ལྟ་བུ་སྣ་ཚོགས་ཤིག་འདུག་ཀྱང་། རྒྱ་གར་གྱི་མཁས་གྲུབ་འདི་དག་གི་མཚན་རྣམས་ལེགས་སྦྱར་གྱི་སྐད་ཐོག་ལ་སོར་བཞག་བྱས་ན་ལེགས་པར་སྣང་བས་འདི་བཞིན་བཀོད་པའོ། ། |