11494

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུབ་མཐའ་བླང་དོར་ནུས་པའི་རྩོད་པ་ (1)
Part of speech མིང་ཚིག
Definition རྒོལ་བ་རྣམ་གཉིས་རང་རང་གི །གྲུབ་མཐའ་བཟུང་ནས་རྩོད་པ་ནི། །སྔོན་གྱི་མཁས་པ་རྣམས་ཀྱི་ལུགས། །ཆོས་ཀྱི་གྲགས་པ་ལ་སོགས་པ་དག་མུ་སྟེགས་བྱེད་དང་རྩོད་པ་ན། སངས་རྒྱས་པ་དང་གཟེགས་ཟན་པ་ལ་སོགས་པའི་གྲུབ་མཐའ་བཟུང་ནས་རྩོད་ཀྱི། བསྟན་པ་འཛིན་མི་ནུས་པ་གང་ཡང་རུང་བས་མཚན་ཉིད་དང་གཞུང་དུམ་བུར་བཏོན་ནས་སྦྱོར་བ་ཁོད་ཅེས་ཟེར་བ་ནི་བྱིས་པའི་སྐྱེ་བོ་ཉམས་སད་པའི་རྩོད་པ་ཡིན་གྱི། མཁས་པའི་སྐྱེ་བོ་གྲུབ་མཐའ་འཛིན་པའི་རྩོད་པ་མ་ཡིན་ནོ། །འདི་ལྟ་བུ་འཆད་པའི་སྐབས་ཀྱི་རྩོད་པར་བཤད་ཀྱི། རྩོད་པའི་སྐབས་ཀྱི་རྩོད་པར་མི་རུང་སྟེ། གྲུབ་མཐའ་བླང་དོར་མི་ནུས་པའི་ཕྱིར་རོ། །གྲུབ་མཐའ་བླང་དོར་གྱི་སྐབས་བཙལ་བའི་ཕྱིར་དེ་ལྟར་འདྲི་ན་འཇུག་པའི་སྐབས་ཀྱང་སྲིད་དོ། །ཞེས་འཇམ་མགོན་ས་པཎ་གྱི་མཁས་འཇུག་ལས་གསུངས།
Domain ཚད་མ།